འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་རྒྱུན་སྲིང་
    ཞིང་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་པི་ཅིང་དུ་ཞིང་ལས་པུའི་རྒྱལ་སྤྱི་མཉམ་ལས་སི་དང་ཀྲུང་གོར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འཐུས་མི་ཁྲུའུ་ཡིས་མཉམ་དུ་《ཀྲུང་གོ—མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་རྒྱལ་འབྱེད་འཆར་འགོད་སྒྲོམ་གཞི་(2016ལོ—2020ལོ་བར་)》ཁྱབ་བསྒྲགས་བྱས་ཏེ་རྒྱུན་སྲིང་ཞིང་ལས་སོགས་གཙོ་གནད་ཁྱབ་ཁོངས་ཁག་བཞིའི་ནང་མཉམ་ལས་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
         གཙོ་གནད་ཁྱབ་ཁོངས་བཞི་པོ་དག་རྒྱུན་སྲིང་ལ་སྐུལ་འདེད་དང་གནམ་གཤིས་ཀྱི་གནོད་འཚེ་འགོག་ནུས་ལྡན་པའི་ཞིང་ལས་འཕེལ་རྒྱས་དང་། གྲོང་གསེབ་ཀྱི་དབུལ་ཕོངས་དང་། འབྲུ་རིགས་ལ་བདེ་འཇགས་མེད་པ། འཚོ་བཅུད་འདང་ངེས་མེད་པ་བཅས་ཉུང་དུ་གཏོང་བ། "བདེ་ཐང་གཅིག"གི་བྱེད་ཕྱོགས་ལ་སྐུལ་འདེད་གྱིས་སྤྱི་པའི་འཕྲོད་བསྟེན་ལེགས་སུ་གཏོང་བ། ཀྲུང་གོས་ས་ཁོངས་དང་རྒྱལ་སྤྱིའི་ཞིང་ལས་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་རེད།
         ཞིང་ལས་པུའི་རྒྱལ་སྤྱི་མཉམ་ལས་སིའི་སི་ཀྲང་གཞོན་པ་ཐང་ཧྲེང་ཡའོ་ཡིས"ལོ་ལྔ་ཚན་བཅུ་གསུམ་པའི"རིང་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ལ་ཞིང་ལས་ཐོན་རྫས་ཁྲོམ་རའི་ཁོར་ཡུག་འགྱུར་བ་དང་། ཞིང་ལས་སྣོད་བཅུད་ཐོན་ཁུངས་ཀྱི་གཅུན་སྡོམ། གནམ་གཤིས་འགྱུར་ལྡོག་གི་གནོན་ཤུགས་སོགས་ཀྱི་འགྲན་སློང་མང་དག་ཅིག་འཕྲད་བཞིན་ཡོད། རྒྱལ་ཁབ་བྱེ་བྲག་པའི་འཆར་འགོད་སྒྲོམ་གཞི་ལག་ལེན་བསྟར་བ་ལས་འགྲན་སློང་དེ་དག་ལ་ཁ་གཏད་གཅོག་རྒྱུར་འགན་ལེན་རགས་ཙམ་ཐོབ་ལ། ཀྲུང་གོ་འདི་ཉིད་ས་ཁོངས་དང་རྒྱལ་སྤྱིའི་ཞིང་ལས་མཉམ་ལས་ནང་ཞུགས་རྒྱུར་ཡང་སྐུལ་སྤེལ་ནུས་ལྡན་གཏོང་ཐུབ་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།