འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅༎ནོ་ཝུའེ་ཀྲེན"དགའ་སྤྲོ"རྟགས་ཅན་གྱིས་ཆིང་ཏའོ་རྒྱལ་སྤྱིའི་གྲུ་གཟིངས་གྲུ་ཁ་ནས་བསྐྱོད་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ནོ་ཝུའེ་ཀྲེན'དགའ་སྤྲོ'རྟགས་ཅན་གྱིས་ཆིང་ཏའོ་རྒྱལ་སྤྱིའི་གྲུ་གཟིངས་གྲུ་ཁ་ནས་བསྐྱོད་འགོ་
ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་ཀྲུང་གོའི་ཁྲོམ་རར་ཆེད་མངགས་བཟོས་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གྲུ་གཟིངས་ཆེ་ཤོས་ཡིན་པའི་ནོ་ཝུའེ་ཀྲེན"དགའ་སྤྲོ"རྟགས་ཅན་གྱིས་ཆིང་ཏའོ་རྒྱལ་སྤྱིའི་གྲུ་གཟིངས་གྲུ་ཁ་ནས་གོ་ལ་ཧྲིལ་པོར་ཐོག་མར་བསྐྱོད་འགོ་ཚུགས་པ་རེད། ཆིང་ཏའོ་གྲུ་ཁ་དང་ནོ་ཝུའེ་ཀྲེན་གྲུ་གཟིངས་ཀྱིས་འཐབ་ཇུས་དྲན་ཐོར་མིང་རྟགས་བཀོད་པ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་འགོ་ཚུགས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ནོ་ཝུའེ་ཀྲེན"དགའ་སྤྲོ"རྟགས་ཅན་ནི་ཀྲུང་གོའི་ཁྲོམ་རར་ཆེད་མངགས་བཟོས་པའི་རྒྱས་སྤྲོས་གྲུ་གཟིངས་གསར་ཤོས་ཤིག་ཡིན་ཞིང་། གྲུ་གཟིངས་དེར་ཏུན་གྲངས་ཐེག་ཚད་ཏུན་ཁྲི་16.8ཟིན་པ་དང་མིག་སྔར་ཀྲུང་གོ་འདི་ཉིད་ཐོན་འགོ་འཛུགས་སར་བྱས་པའི་ཏུན་གྲངས་ཐེག་ཚད་ཆེ་ཤོས་ཀྱི་གྲུ་གཟིངས་ཡིན་པ་དང་། "དགའ་སྤྲོ"རྟགས་ཅན་དེ་འཇར་མན་གྱིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་སྤྲོ་གསེང་གི་དགའ་ཕྱོགས་དང་ཟུང་འབྲེལ་བྱས་ནས་ཆེད་མངགས་བཟོས་པ་ཞིག་ཡིན། སྒྱུ་རྩལ་མཁས་ཅན་ཐན་ཕིང་གིས་གྲུ་གཟིངས་ལ་ཆེད་མངགས་རྒྱ་བྱའི་རི་མོ་ཇུས་འགོད་བྱས་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་རྒྱུན་འཛིན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།