འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་འཐུས་སྒོ་ཚང་དུ་
    བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན། ཉིན་ཤས་གོང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་《ནང་སོག་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་འཆར་འགོད་》པར་འགྲེམས་བྱས་ཏེ་གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་དང་ཕན་ནུས་མཐོ་རུ་བཏང་བ་རེད།
         འཆར་འགོད་ནང་བཏོན་གསལ། བཅའ་ཁྲིམས་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བར་ཆི་རྫོང་(གྲོང་ཁྱེར་དང་ཆུས་)དང་། སུའུ་མུའུ་ཤང་གྲོང་རྡལ་(ཁྲོམ་གཞུང་དོན་གཅོད་ཁང་) ཀ་ཁྲ་གྲོང་ཚོ་(སྡེ་ཁུལ་གྲོང་ལྷན་)བཅས་རིམ་པ་གསུམ་གཙོ་གནད་དུ་བརྩིས་ཏེ། བཅའ་ཁྲིམས་ཞབས་ཞུ་གྲོང་ཁྱེར་གྱི་སྡེ་ཁུལ་དང་གྲོང་གསེབ་ཀྱི་འབྲོག་ཁུལ་དུ་སྣུར་སྲིང་བྱས་ནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་རྒྱ་ཁྱབ་ཐུབ་པ་དང་ཕན་ནུས་ཆེ་ལ་སྟབས་བདེ་ཡོང་བ་བྱེད་དགོས། དེ་དང་དུས་མཚུངས་2017ལོའི་ལོ་མཇུག་གོང་སུའུ་མུའུ་ཤང་གྲོང་རྡལ་(ཁྲོམ་གཞུང་དོན་གཅོད་ཁང་)གྱི་ཁྲིམས་འཛིན་སུའོ་ཡང་ན་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ལྗོངས་ཡོངས་ཀྱིས་ཤང་རིམ་པའི་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་རྒྱ་ཁྱབ་ངང་བཙུགས་ཏེ། ཁྲིམས་འཛིན་སུའོ་དེ་ཕན་ནུས་ཆེ་ལ་སྒྲིག་བཀོད་ཆ་ཚང་བ་དང་གྲོང་ཁྱེར་དང་གྲོང་གསེབ་དང་འབྲེལ་གཏུག་བྱེད་ཐུབ་པའི་བཅའ་ཁྲིམས་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་སུ་འགྱུར་བ་བྱེད་དགོས། 2020ལོའི་གོང་ལྗོངས་ཡོངས་ཀྱི་ཕྱོགས་ཡོངས་སུ་ཁྱབ་པ་དང་། རྩ་འཛུགས་མ་ལག་འཐུས་སྒོ་ཚང་བ། དོ་དམ་འཁོར་སྐྱོད་ཚད་ལྡན་ཡིན་པ་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་ཀྱི་དྲ་རྒྱའི་མ་ལག་ཆགས་པ་བྱེད་དགོས།
        འཆར་འགོད་ནང་བླང་བྱ་བཏོན་དོན། ནང་སོག་གིས་བཅའ་ཁྲིམས་ཞབས་ཞུའི་ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་བཏང་སྟེ་རིམ་ཁག་སྲིད་གཞུང་དང་དེའི་ལས་སྒྲུབ་སྡེ་ཚན་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱིས་བཅའ་ཁྲིམས་ཀྱི་བློ་འདྲིའི་ལམ་ལུགས་རྒྱ་ཁྱབ་ངང་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཀ་ཁྲ་གྲོང་ཚོའི་(སྡེ་ཁུལ་གྲོང་ལྷན་)བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་འཚོལ་ཞིབ་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་རིམ་བཞིན“གྲོང་ཚོ་རེར་(སྡེ་ཁུལ་གྲོང་ལྷན་)བློ་འདྲི་བ་རེ”ཡོད་པ་མངོན་འགྱུར་བྱེད་དགོས།
        འཆར་གཞི་གཞིར་བཟུང་། ནང་སོག་གིས་བཅའ་ཁྲིམས་རོགས་སྐྱོར་གྱི་དམངས་ཕན་ཞབས་ཞུའི་སྐར་ཁུང་དང་། བཅའ་ཁྲིམས་རོགས་སྐྱོར་ལས་སྒྲུབ་ས་ཚིགས། འབྲེལ་གཏུག་ས་ཚིགས་བཅས་ཀྱི་འཛུགས་སྐྲུན་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། “གྲོང་ཁྱེར་དང་གྲོང་རྡལ་དུ་ཆུ་ཚོད་ཕྱེད་ཀ”དང་། “གྲོང་གསེབ་ཏུ་ཆུ་ཚོད་གཅིག” “འབྲོག་ཁུལ་དུ་ཉིན་ཕྱེད”བཅས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུའི་ཚོགས་པ་ནུས་ལྡན་ངང་བསྐྲུན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།