འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ལྷ་སར་ཐོག་མར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 1950ལོའི་ཆབ་མདོའི་གཡུལ་འགྱེད་དེ་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་པའི་བོད་སྐད་གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ཉེ་ཆར་བོད་ལྗོངས་ལྷ་སར་ཐོག་མར་བསྟན་ཡོད། ལྟད་མོ་བས་གློག་བརྙན་དེ་ནི་མིག་སྔར་རྒྱལ་ནང་གི་གློག་བརྙན་ཁྲོམ་རའི་ཐོག་མཐོང་དཀོན་པའི་གྲངས་ཉུང་མི་རིགས་བརྗོད་གཞིར་བྱས་པའི་དམག་འཐབ་གློག་བརྙན་ཆེན་པོ་ཞིག་རེད་འདུག་ཅེས་བཤད་པ་རེད།
         གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་བཏོན་པའི་གློག་བརྙན་དང་པོ་དེ་ཡིན། གློག་བརྙན་ནང་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཧྭ་ཧྲན་གྱིས་ལས་འགན་སྒྲུབ་རིང་ཡུལ་དེའི་འགོ་པ་དང་། ཇག་པ། ཁྲལ་པ་བཅས་དབར་ཐོན་པའི་རྙོག་འཛིང་ཆེ་བའི་གཏམ་རྒྱུད་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་དུས་མཚམས་སུ་བོད་ཀྱི་གྲལ་རིམ་ཁག་དབར་གྱི་མི་གཤིས་ཀྱི་གདོང་ཐུག་དང་དེ་བཞིན་བོད་རྒྱ་མི་རིགས་གཉིས་ཕན་ཚུན་མཉམ་འདྲེས་ཡོང་བའི་བརྒྱུད་རིམ་མངོན་པར་བྱས་ཡོད། གཞན་ཡང་གློག་བརྙན་ནང་མཁའ་དབྱིངས་ནས་པར་མང་པོ་བླངས་ཏེ་བོད་ཤར་རྒྱུད་ས་མཐོའི་རང་བྱུང་མཛེས་ལྗོངས་གསལ་ལྷམ་མེར་མཐོང་ཐུབ་པ་བྱས་ཡོད། དེས་མ་ཟད། “ངར་ཤུགས་འཕེལ་བ”དང“དམག་འཐབ་བྱེད་པ”དེའང་གློག་བརྙན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།