འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྤྱི་པུའི་འགན་འཁུར་བས་2016ལོར་ལས་ཞུགས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་
    དང་གླ་ཆ་བརྟན་པོའི་ངང་མཐོ་རུ་ཕྱིན་པ་སྤྱི་ཚོགས་འགན་སྲུང་འཁོར་རྒྱུག་བརྟན་
    པོ་བཅས་བྱུང་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། 2016ལོར་རང་རྒྱལ་གྱི་ལས་ཞུགས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། གླ་ཆ་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སྤྱི་ཚོགས་འགན་སྲུང་འཁོར་རྒྱུག་བརྟན་པོ་བྱུང་བ་བཅས་རེད།
         མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བས་2016ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣ་ཁྲི་77603ཟིན་པ་དེ་ལོ་གོང་མའི་དུས་མཇུག་ལས་མི་ཁྲི་152མང་དུ་ཕྱིན་ཞིང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི་41428ཟིན་པ་དེ་ལོ་གོང་མའི་དུས་མཇུག་ལས་མི་ཁྲི་1018མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཉེ་ཆར་ཁྱབ་བསྒྲགས་བྱས་པའི་《2016ལོའི་ལོ་འཁོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས་》ལས་མངོན་དོན། 2016ལོའི་རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣའི་ཁྲོད་ཐོན་ལས་དང་པོའི་ལས་ཞུགས་མི་སྣས་27.7%བཟུང་བ་དང་། ཐོན་ལས་གཉིས་པའི་ལས་ཞུགས་མི་སྣས་28.8%བཟུང་བ། ཐོན་ལས་གསུམ་པའི་ལས་ཞུགས་མི་སྣས་43.5%བཟུང་བ་བཅས་རེད། ཐོན་ལས་གསུམ་པ་དེ་ལས་ཞུགས་ཀྱི་ཡིད་དབང་འགུག་པའི་གཙོ་ཤུགས་སུ་གྱུར་ཡོད།
         2016ལོར་ལོ་ཧྲིལ་པོའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཁག་ལྔའི་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་53563ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་7551འཕར་ནས་16.4%འཕར་བ་དང་། ཐེབས་རྩའི་གཏོང་ཆ་ཁྱོན་བསྡོམས་སྒོར་དུང་ཕྱུར་46888ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་7900འཕར་ནས་20.3%འཕར་ཡོད།
         དེའི་ཁྲོད་ལོ་ཧྲིལ་པོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་37991ཟིན་པ་དེ་ལོ་གོང་མ་ལས་18%མཐོ་རུ་ཕྱིན་པ་དང་། གཏོང་ཆ་སྒོར་དུང་ཕྱུར་34004ཟིན་པ་དེ་ལོ་གོང་མ་ལས་21.8%འཕར་ཡོད། ལོ་མཇུག་གི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩ་རིམ་རྩིས་བྱས་ན་རྩིས་བསྡོམས་ལྷག་གྲངས་སྒོར་དུང་ཕྱུར་43965ཟིན་གྱི་ཡོད། རྒན་གསོའི་དངུལ་གྱི་གཏོང་ཆའི་འཕར་ཚད་ཡོང་འབབ་ཀྱི་འཕར་ཚད་ལས་མཐོ་བ་ཡོད། འོན་ཀྱང་སྤྱིའི་ཡོང་འབབ་སྤྱིའི་གཏོང་ཆ་ལས་ཀྱང་མཐོ་བ་ཡོད།
         སྤྱི་བསྒྲགས་ལས་མངོན་དོན། 2016ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཆ་སྒོར་67569ཟིན་པ་དེ་དུས་མཚུངས་ལས་8.9%འཕར་བ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཆ་སྒོར་42833ཟིན་པ་དེ་དུས་མཚུངས་ལས་8.2%འཕར་བ། ཞིང་པ་ལས་མི་མི་རེའི་ཟླ་རེའི་ཆ་སྙོམས་ཡོང་འབབ་ཆུ་ཚད་སྒོར་3275ཟིན་པ་དེ་དུས་མཚུངས་ལས་6.6%འཕར་བ་བཅས་རེད།
        གཞན་ཡང་། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གཞུང་ཞབས་པ་ཁྲི་719ཡོད་པ་དང་། 2015ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ཁྱོན་གཞུང་ཞབས་པ་ཁྲི་716.7ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།