འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གླུ་གར་འཁྲབ་ཚན་《ཏ་ཝོར་བ་》ཞེས་པ་འཁྲབ་སྟོན་བྱས་ནས་ཁུའུ་མུའུ་ལེ་དུས་ཆེན་
    ལ་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་ཧེ་ལུང་ཅང་ཆི་ཆི་ཧར་གྲོང་ཁྱེར་མེ་ལི་སི་ཏ་ཝོར་རིགས་ཆུས་ཀྱིས་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་དུས་ཆེན་ཁུའུ་མུའུ་ལེ་བཏང་བ་དང་འབྲེལ་ཏ་ཝོར་བའི་ལོ་རྒྱུས་སྙན་ངག་གླུ་གར་འཁྲབ་ཚན《ཏ་ཝོར་བ》ཞེས་པ་འཁྲབ་སྟོན་ཡང་བྱས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།
         《ཏ་ཝོར་བ་》ཞེས་པ་དེས་གདོད་མའི་གླུ་གར་འཁྲབ་སྟོན་བྱས་ནས་ནེན་ཅང་གཙང་པོའི་འབབ་རྒྱུད་ཀྱི་ཏ་ཝོར་བའི་ལོ་རྒྱུས་འཕེལ་རིམ་དང་འཚོ་གནས་རྣམ་པ་མངོན་པ་དང་། ཏ་ཝོར་བའི་མི་དམངས་ཀྱི་བབ་ཆགས་ཀྱི་དམངས་སྲོལ་གོམས་གཤིས་མཚོན་པ། ད་ལྟའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་འཛིན་བྱེད་དགོས་ལུགས་སྟོན་པ་བཅས་བྱས་ཡོད། འཁྲབ་སྟོན་བྱེད་མཁན་ཚང་མ་ནི་མེ་ལི་སི་ཏ་ཝོར་རིགས་ཆུས་ཀྱི་མང་ཚོགས་ཡིན་པ་དང་འཁྲབ་ཚན་དེ་ཧེ་ལུང་ཅང་ཞིང་ཆེན་དུ་སྐོར་འཁྲབ་ཐེངས་མང་བྱེད་མྱོང་ཡོད་ཅིང་།
      

    ཕྱོགས་བསྡུས་གསར་འགྱུར།