འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཉིང་འགག་སྒོས་སྟོངས་ཉེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་འཚོང་གི་དྲ་བ་
    ཞིག་རྩ་མེད་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན། ནན་ཉིང་འགག་སྒོས“སྲུང་སྐྱོང་པ”ཞེས་པའི་རྩ་ཆེའི་སྲོག་ཆགས་དང་དེའི་བཟོས་རྫས་ལྐོག་འཚོང་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ཞིང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་ལྐོག་འཚོང་བྱེད་སྤྱོད་མྱུལ་ཞིབ་འཛིན་བཟུང་ཅུས་ཀྱིས་ལྐོག་འཚོང་བྱེད་སྤྱོད་མྱུལ་ཞིབ་འཛིན་བཟུང་འཐབ་ཁུལ་གསུམ་པའི་ཀུང་པེ་དང་། ཧྲེན་ཐུའོ། ཀྲེང་ཅང་སོགས་འགག་སྒོའི་ལྐོག་འཚོང་བྱེད་སྤྱོད་མྱུལ་ཞིབ་འཛིན་བཟུང་ཅུས་ཀྱི་ཉེན་རྟོག་པའི་རྒྱབ་སྐྱོར་དང་ས་གནས་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་དམ་ཟབ་འོག་ཉེན་རྟོག་པ་362བཏང་ནས་རྩ་ཆེའི་སྲོག་ཆགས་དང་དེའི་བཟོས་རྫས་ལྐོག་འཚོང་གི་ཉེས་གསོག་ཚོགས་པ་4རྩ་མེད་བཟོས་པ་རེད། 2016ལོའི་ཟླ་བདུན་པ་ནས་ད་བར། ལྐོག་འཚོང་ཚོགས་པས་ས་ཁོངས་ནང་ཁྱོན་སྲོག་ཆགས་ཁྲོན་ཧྲན་ཅ་5000ལྷག་ཙམ་ལྐོག་ཏུ་འཁྱེར་ཡོད། མིག་སྔར་གྱོད་གཞི་དེ་གོ་རིམ་ལྡན་པའི་ངང་མྱུལ་ཞིབ་བྱེད་པའི་སྒང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།