འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཕ་མ་བུ་ཕྲུག་གི་དཔེ་ཀློག་བྱེད་སྒོ་སྤེལ་ནས་ཕ་མ་བུ་ཕྲུག་གི་བརྩེ་བ་
    ཟབ་ཏུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བ་འཕྲིན། ཟླ་5ཚེས་30ཉིན། “ནང་མི་མཉམ་དུ་དཔེ་དེབ་ཀློག དཔེ་ཀློག་བོད་ལྗོངས་མཉམ་དུ་སྐྲུན”ཞེས་པའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་དཔེ་ཀློག་འདུ་ཚོགས་ལྷ་སར་འཚོགས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོས་ཕ་མ་བུ་ཕྲུག་ལ་དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་པར་བྱས་ནས་ཕྲུ་གུའི་དཔེ་དེབ་ལྟ་བའི་སྤྲོ་སྣང་འཕེལ་བར་བྱེད་པ་དང་། ཁྱིམ་བདག་དང་ཕྲུ་གུ་མཉམ་དུ་དཔེ་དེབ་ཀློག་ཐུབ་པའི་ཆེད་དུ་རེད།
         བྱེད་སྒོ་སྤེལ་རིང་གྲོགས་པོ་ཆུང་ཆུང་ཚོས་སྙན་ངག་གྱེར་འདོན་བྱས་པ་དང་དུས་མཚུངས་ཕ་མ་དང་བུ་ཕྲུག་གིས་དཔེ་དེབ་ཀློག་པའི་བརྙན་ཐུང་དང་ལག་གདང་སྦྲེལ་བའི་སྤྱི་ཕན་དྲིལ་བསྒྲགས་བརྙན་ཐུང་བསྟན་པ་དང་དེ་བཞིན་ལག་རྟགས་སྤྲོད་རེས་བྱས་པ་རེད།
        “ཐེངས་འདིའི་དཔེ་ཀློག་འདུ་ཚོགས་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་། རྣམ་ཀུན་ཡང་རང་ཉིད་དེབ་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་པ་མ་ཟད། ད་དུང‘དྲུག་གཅིག’གི་ལག་རྟགས་ཆུང་ངུ་རག་བྱུང་བས་ཧ་ཅང་དགའ་པོ་བྱུང”ཞེས་གྲོགས་པོ་ཆུང་ཆུང་བཀྲ་ཤིས་རྡོ་རྗེས་བཤད།
         བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐོར་གཟིགས་པ་གཞོན་པས་ཐེངས་འདིའི་དཔེ་ཀློག་བྱེད་སྒོར་བརྟེན་ནས་དམངས་ཡོངས་ཀྱི་དཔེ་ཀློག་གི་འདུ་ཤེས་དང་བསམ་བློ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱིས་བྱིས་པའི་དཔེ་ཀློག་ལ་དོ་ཁུར་བྱ་རྒྱུའི་གྲོས་འགོ་བཏོན་ནས་མཉམ་འདྲེས་ཀྱི་བསམ་པ་དང་ཞུགས་སེམས་ཟབ་ཏུ་བཏང་ཡོད། རེ་བར་ནང་མི་དང་ཕྲུ་གུའི་དབར་གྱི་བརྩེ་བ་ཟབ་ཏུ་ཕྱིན་ནས་ཁྱིམ་བདག་དེ་བས་མང་བས་ཕྲུ་གུ་དང་མཉམ་དུ་དཔེ་ཆ་བཀླགས་ཏེ་ཕ་མ་བུ་ཕྲུག་ཁྲོད་གཉེན་ཉེའི་བརྩེ་བ་ཚོར་བ་དང་སྤྲོ་སྣང་ལ་རོལ་ཐུབ་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།