འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་27པ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་27པ་ཧོ་པེ་ལང་ཧྥང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་དཔེ་དེབ་དངོས་མང་སྟོན་ཚོགས་དུས་ཡུན་ཉིན་བཞི་ཡིན་པ་དང“དཔེ་དེབ་དངོས་མང་སྟོན་ཚོགས་ཡག་པོ་གཉེར་ནས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ”ཞེས་པ་གཙོ་རྐང་དུ་བྱེད་པ་དང་། “རྩོམ་རིག་གི་ཡངས་པའི་ཞིང་ཁམས། དཔེ་དེབ་ཀྱི་དྲི་ཞིམ་ཕྱོགས་བཞིར་འཐུལ”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ། ས་གནས་གསུམ་གྱིས་མཉམ་དུ་འགྲེམས་སྟོན་གཉེར་བའི་བྱེད་སྟངས་བརྒྱུད་ལང་ཧྥང་གི་ཚོགས་ར་གཙོ་བོ་དང་། ཐང་ཧྲན་ཚོགས་ར། ཤིས་པའེ་ཕོ་ཆེད་དོན་འགྲེམས་ཁུལ་བཅས་བཙུགས་ནས་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་པ་45ཡི་དཔེ་སྐྲུན་འགྲེམས་སྤེལ་ཚན་པ་960འགྲེམས་ཞུགས་བྱས་པ་དང་། འགྲེམས་ཁུལ་ཁྱོན་2700ཟིན་པ། འགྲེམས་ཁྱོན་སྨི་ངོས་གྲུ་ཁྲི་5.2ཟིན་པ། འགྲེམས་ཞུགས་དཔེ་དེབ་རིགས་ཁྲི་25ཡོད་པའི་ནང་དཔེ་དེབ་གསར་པ་རིགས་ཁྲི་15བཅས་ཡོད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་དཔེ་དེབ་དང་རྒྱལ་ཡོངས་ཀྱི་དཔེ་སྐྲུན་ཚན་པ་ཁག་གིས་གསར་དུ་བཏོན་པའི་རྩེར་སོན་དཔེ་དེབ་རིགས་ཆིག་ཁྲི་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།