འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་
    སྐྱོབ་བསྙེན་བཀུར་འགན་ལེན་ཚད་གཞི་ལོ་6བསྟུད་མར་འཕར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན། གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ནང་སོག་གི་གྲོང་གསེབ་དང་འབྲོག་ཁུལ་གྱི་འགན་ལེན་ལྔའི་བསྙེན་བཀུར་ཚད་གཞི་དང་གྲོང་ཁྱེར་གྱི“མེད་པ་གསུམ”གྱི་མི་སྣའི་འགན་ལེན་ཚད་གཞི་ལོ་6བསྟུད་མར་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
          ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔ་བར། ནང་སོག་གི་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྱོན་ཁྲི་9.8ཡོད། “མི་དམའ་བ་གཉིས”ཀྱི་ཚད་གཞི(དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ་1.3ལས་མི་དམའ་བ་དང་ལོ་གོང་མའི་རོགས་སྐྱོབ་བསྙེན་བཀུར་ཚད་གཞི་ལས་མི་དམའ་བ)གཞིར་བཟུང་། ནང་སོག་ཡོངས་ཀྱི་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་གྱི་གཞི་རྩའི་འཚོ་བའི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་1244ཡིན་པ་དེ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ་2.1ཟིན་ནས་ལོ་གོང་མ་ལས་སྒོར་35འཕར་ཏེ་འཕར་ཚད་2.9%ཡིན་པ་དང་། ཁ་འགྲེམས་བསྙེན་བཀུར་གྱི་གཞི་རྩའི་འཚོ་བའི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་960ཡིན་པ་དེ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ་1.6ཟིན་ནས་ལོ་གོང་མ་ལས་སྒོར་59འཕར་ཏེ་འཕར་ཚད་6.5%ཡིན་པ། གྲོང་གསེབ་དང་འབྲོག་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་གྱི་གཞི་རྩའི་འཚོ་བའི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་9252ཡིན་པ་དེ་གྲོང་གསེབ་དང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ་1.9ཟིན་ནས་ལོ་གོང་མ་ལས་སྒོར་654འཕར་ཏེ་འཕར་ཚད་7.6%ཡིན་པ། ཁ་འགྲེམས་བསྙེན་བཀུར་གྱི་གཞི་རྩའི་འཚོ་བའི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་6770ཡིན་པ་དེ་གྲོང་གསེབ་དང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ་1.4ཟིན་ནས་ལོ་གོང་མ་ལས་སྒོར་1646འཕར་ཏེ་འཕར་ཚད་32.1%ཡིན་པ་བཅས་རེད།
         དེ་དང་ཆབས་ཅིག འཚོ་བ་རང་རྐྱ་འཕེར་བའི་ནུས་པ་ཡོངས་སུ་བྲལ་བ་དང་ཆ་ཤས་བྲལ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ལྟ་རྟོག་དང་བདག་སྐྱོང་གི་ཁ་གསབ་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་1006དང་སྒོར་396སོ་སོར་ཡིན་པའི་གཏན་འབེབས་ཀྱང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།