འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་སླར་ཨ་རི་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས"སཱ་ཏེ"མ་ལག་བཀོད་སྒྲིག་
    ཕྱིར་འཐེན་བྱ་དགོས་པའི་སྐུལ་འདེབས་ཡང་བསྐྱར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་ཚོགས་འདུའི་ཐོག་ནས་སླར་ཨ་རི་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས"སཱ་ཏེ"མ་ལག་བཀོད་སྒྲིག་བྱེད་མཚམས་འཇོག་དགོས་པ་མ་ཟད་ཕྱིར་འཐེན་བྱ་དགོས་པའི་སྐུལ་འདེབས་བྱས་པ་རེད། "སཱ་ཏེ"མ་ལག་འཕེན་གཏོང་སྒྲོམ་བུ་གསང་བའི་ངང་ཁོ་རེ་ཡ་ལྷོ་མར་དབོར་བའི་དོན་ལ་དམིགས་ནས་ཧྭ་ཁྲུན་ཡིང་གིས་ཀྲུང་གོའི་ཕྱོགས་ཀྱིས"སཱ་ཏེ"གནད་དོན་ཐོག་གི་ལང་ཕྱོགས་ཁ་གསལ་ཡིན་ལ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡིན། ཨ་རིས་ཁོ་རེ་ཡ་ལྷོ་མར"ས་ཏེ"མ་ལག་བཀོད་སྒྲིག་བྱེད་པ་དེས་ཀྲུང་གོའི་ཕྱོགས་ཀྱི་འཐབ་ཇུས་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཏང་བ་དང་། ས་ཁུལ་གྱི་འཐབ་ཇུས་དོ་མཉམ་ཡོང་བར་གཏོར་བརླག་བཏང་བས། གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མེད་པར་བཟོ་བའི་དམིགས་ཡུལ་དང་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་བ་མངོན་འགྱུར་བྱེད་པར་རོགས་ཕན་མེད་པ་དང་། ཕྱོགས་ཁག་བར་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་པར་འབད་བརྩོན་བྱེད་པ་དང་རྒྱབ་འགལ་བྱས་པས། ཀྲུང་གོའི་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
         དྲི་བར། གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས"སཱ་ཏེ"དང་འབྲེལ་བའི་སྙན་ཞུ་ཉན་ནས་ཞིང་ཀྲོའུ་རུ་བཀོད་སྒྲིག་བྱ་རྒྱུའི"སཱ་ཏེ"མ་ལག་སྤོ་འགུལ་འཕེན་གཏོང་སྒྲོམ་བུ་2ཕུད་པ་དེ་མིན་གྱི་སྒྲོམ་བུ་4གསང་བའི་སྒོ་ནས་ཁོ་རེ་ཡ་ལྷོ་མར་དབོར་ཟིན་པ་གོ་རྗེས། ཝུན་ཙའེ་དབྱིན"ཧ་ཅང་ཧ་ལས་པ"མ་ཟད། དོན་དེ་ཞིབ་རྩད་མཐར་ཕྱིན་པར་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་ཞིག་ཡོད་དམ།
         དྲིས་ལན་དུ། ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་གནས་འཕྲིན་ལ་དོ་སྣང་བྱས་ཡོད། ང་ཚོས་འབྲེལ་ཡོད་ཀྱི་གནས་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས"སཱ་ཏེ"གནད་  དོན་ཐོག་གི་ལང་ཕྱོགས་ཁ་གསལ་ཡིན་ལ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡིན། ཨ་རིས་ཁོ་རེ་ཡ་ལྷོ་མར"ས་ཏེ"མ་ལག་བཀོད་སྒྲིག་བྱེད་པ་དེས་ཀྲུང་གོའི་ཕྱོགས་ཀྱི་འཐབ་ཇུས་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པ་དང་། ས་ཁུལ་གྱི་འཐབ་ཇུས་དོ་མཉམ་ལ་གཏོར་བརླག་བཏང་བས། གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མེད་པར་བཟོ་བའི་དམིགས་ཡུལ་དང་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་བ་མངོན་འགྱུར་བྱེད་པར་རོགས་ཕན་མེད་པ་དང་། ཕྱོགས་ཁག་བར་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་པར་འབད་བརྩོན་བྱེད་པ་དང་རྒྱབ་འགལ་བྱས་པས། ཀྲུང་གོའི་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ཨ་རི་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས"སཱ་ཏེ"མ་ལག་བཀོད་སྒྲིག་བྱེད་མཚམས་འཇོག་དགོས་པ་མ་ཟད་ཕྱིར་འཐེན་བྱ་དགོས་པའི་སྐུལ་འདེབས་དྲག་པོ་སླར་ཡང་གཏོང་གི་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།