འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་5ཚེས་31ཉིན"སྟག་རྒན"6ལ་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན། དཔོན་པོས་ལྐོག་རྔན་བླངས་པའི་གྱོད་དོན་དྲུག་ལ་འདྲི་གཅོད་དང་པོའི་ཁྲིམས་ཐག་པ་བཅད་པ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་། ཉིང་ཕོའོ་གྲོང་ཁྱེར་གྱི་འགོ་འཛིན་ཟུར་པ་ལུའུ་ཙི་ཡུའེ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཟུར་པ་ཝང་པའོ་ཅན། ལུའོ་དབྱང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ཟུར་པ་ཁྲེང་ཞུའེ་ཧྥེང་བཅས་ཀྱི་ལྐོག་རྔན་ལེན་ཚད་སྒོར་དུང་ཕྱུར་གཅིག་ལས་བརྒལ་ཡོད་པས། མི་འདི་གསུམ་པོར་ཚེ་བཙོན་གྱི་ཆད་པ་བཅད་ཡོད་ལ། སི་ཁྲོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཟུར་པ་ལི་ཁྲེང་ཡུན་ལ་ཁྲིམས་ཆད་ལོ་16བཅད་པ་དང་། ཝུའུ་ཧན་ངར་ལྕགས་བཟོ་གྲྭའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཏེང་ཆི་ལིན་ལ་ཁྲིམས་ཆད་ལོ་15བཅད་པ། ཀྲུང་གོའི་གློག་འཕྲིན་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཟུར་པ་ཁྲང་ཞའོ་པིན་ལ་ཁྲིམས་ཆད་ལོ་6བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།