འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་འབད་བརྩོན་གང་ཐུབ་ཅི་ནུས་བྱས་ནས་བཙན་ཁྲིད་ཐེབས་པའི་ཀྲུང་
    གོའི་སྤྱི་དམངས་སྔ་ཙམ་གློད་འགྲོལ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་(陆慷)གིས་ཀྲུང་གོ་སྲིད་གཞུང་གིས་ཕ་ཁི་སེ་ཐན་ཕྱོགས་དང་མཉམ་དུ་མུ་མཐུད་ནས་འབད་བརྩོན་གང་ཐུབ་ཅི་ནུས་བྱས་ནས་བཙན་ཁྲིད་ཐེབས་པའི་ཀྲུང་གོའི་སྤྱི་དམངས་གཉིས་སྔ་ཙམ་གློད་འགྲོལ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
         ས་གནས་དེ་གའི་དུས་ཚོད་ཚེས་24ཉིན་གྱི་ཕྱི་དྲོར། ཀྲུང་གོའི་སྤྱི་དམངས་གཉིས་ཕ་ཁི་སེ་ཐན་གྱི་པི་ལུའུ་ཀྲི་ཞིང་ཆེན་དུ་དྲག་ཆས་པས་བཙན་ཁྲིད་བྱས་པ་རེད།
         གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག་ལུའུ་ཁང་གིས་ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང། མི་སྣ་བཙན་ཁྲིད་ཀྱི་བྱ་སྤྱོད་མཐའ་དག་ལ་རྒོལ་གཏམ་གཏོང་གི་ཡོད། དོན་རྐྱེན་བྱུང་རྗེས། ཀྲུང་གོ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། ཕ་ཁི་སེ་ཐན་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་ཁང་། ཁ་ལ་ཆི་རུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་བཅས་ཀྱིས་དུས་ཚོད་དང་པོར་བབ་བསྟུན་མྱུར་སྒྲུབ་ནང་རྐྱེན་ལག་བསྟར་བྱེད་འགོ་བརྩམས་ཤིང་། ཕ་ཁི་སི་ཐན་ཕྱོགས་དང་འབྲེལ་བ་དམ་པོ་བྱས་པ་དང་། ཕ་ཁེ་སི་ཐན་གྱི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་དགོས་ངེས་ཀྱི་བྱ་ཐབས་ཡོད་ཚད་ལག་བསྟར་བྱས་ནས་མི་སྣའི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཙན་ཁྲིད་ཐེབས་པའི་མི་སྣ་སྐྱོབ་ཐབས་བྱ་རྒྱུ་མ་ཟད། བྱ་ཐབས་ནུས་ལྡན་ལག་བསྟར་བྱས་ནས་ཕ་ཁེ་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཁོང་གིས"ཀྲུང་གོའི་སྲིད་གཞུང་གིས་ཕ་ཁེ་སི་ཐན་ཕྱོགས་དང་མཉམ་དུ་མུ་མཐུད་དེ་འབད་བརྩོན་གང་ཐུབ་ཅི་ནུས་བྱས་ནས་ཀྲུང་གོའི་ཕྱོགས་ཀྱི་བཙན་ཁྲིད་ཐེབས་པའི་མི་སྣ་གློད་འགྲོལ་སྔ་ཙམ་ཐོབ་པར་བྱ་རྒྱུ་ཡིན"ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།