འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སུའེ་ཏེན་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སེའུ་ཏེན་གྱི་བདེ་འཇགས་དང་འཕེལ་རྒྱས་སྲིད་ཇུས་ཞིབ་འཇུག་ཁང་དུ་བཞུགས་མོལ་ཚོགས་འདུ་འཚོགས་པ་སྟེ། ཀྲུང་གོའི་བོད་ལྗོངས་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས། དེང་རབས་འཕེལ་རྒྱས་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཏེ་དེང་གི་བོད་ལྗོངས་ཀྱི་རྣམ་པ་གསར་པ་གསལ་པོར་བསྟན་པ་རེད།
        འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་སྤེལ་རེས་བྱེད་སྒོ་སྤེལ་བ་ལས་བོད་ལྗོངས་ངོ་མ་ངོ་སྤྲོད་བྱས་ཏེ། སྔར་ལས་མང་བའི་མི་མང་པོ་ལ་བོད་ལྗོངས་ངོ་མ་ཤེས་རྟོགས་བྱེད་དུ་བཅུག་པ་མ་ཟད། བོད་ཀྱི་རིག་གནས་དར་སྤེལ་ཡང་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད། འཐུས་ཚབ་ཚོགས་པས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ཆབ་སྲིད་དཔལ་ཡོན་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན། སྐྱེ་ཁམས་ལེགས་པོ། ཆོས་དད་རང་མོས་བཅས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཡུལ་གྱི་ཕྱོགས་སུ་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད་པའང་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཕྱོགས་གཉིས་ཀྱིས་ད་དུང་བོད་ལྗོངས་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་ལའང་སྤེལ་རེས་བྱས་པ་རེད།
         སུའེ་ཏེན་བདེ་འཇག་དང་འཕེལ་རྒྱས་སྲིད་ཇུས་ཞིབ་འཇུག་ཁང་གི་འགོ་འཛིན་ཧྲི་ཝན་ཐུང་གིས་ཡོ་རོབ་གླིང་གི་ཞིབ་འཇུག་ལས་ཁུངས་ལ་བོད་ལྗོངས་རྒྱུས་ལོན་བྱེད་དུ་བཅུག་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཞིང་། འཐུས་ཚབ་ཚོགས་པས་ངོ་སྤྲོད་ཞིབ་ཕྲ་གནང་བ་དེས་ཞིབ་འཇུག་ཁང་ལ"ཕན་པ་ཧ་ཅང་ཆེན་པོ"ཐོབ་པ་དང་། འཐུས་ཚབ་ཚོགས་པས་ང་ཚོས་དེ་སྔོན་མི་ཤེས་པའི་གནས་ཚུལ་མང་པོ་ངོ་སྤྲོད་གནང་བས། ངས་བལྟས་ན་ཐེངས་འདིའི་སྤེལ་རེས་བྱེད་པའི་གོ་སྐབས་ནི་ཧ་ཅང་རིན་ཐང་བྲལ་བ་ཞིག་ཡིན་ཞེས་བསྟན་པ་རེད། 
         ཧྲི་ཝན་ཐུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར"ཁྱད་པར་དུ། བོད་ལྗོངས་ས་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་འབད་འབུངས་བྱས་པའི་གྲུབ་འབྲས་ནི་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པ་ཞིག་ཡིན་ཞིང་། འདི་དག་ཚང་མ་ནི'རྒྱུད་གཅིག་ལམ་གཅིག'འཛུགས་སྐྲུན་གྱི་བཀྲག་མདངས་འཚེར་ས་ཞིག་ཡིན་པ་དང་། ས་ཁུལ་བརྒལ་བའི་མཉམ་ལས་སུ་དཔྱད་གཞིའི་མེ་ལོང་དུ་འཛིན་འོས་པ་ཞིག་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།