འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་རིམ་བཞིའི་ཆུ་དཔོན་མ་ལག་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ལོ་ནས་བཟུང་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཆུ་དཔོན་ལམ་ལུགས་ཁྱབ་གདལ་ཧུར་ཐག་བཏང་ནས་ཀྲོའུ་དང་། རྫོང་(གྲོང་ཁྱེར། ཆུས)ཤང་(གྲོང་རྡལ)གྲོང་ཚོ་(སྡེ་ཁུལ་)བཅས་རིམ་བཞིའི་ཆུ་དཔོན་མ་ལག་ཁྱོན་ཡོངས་ནས་བཙུགས་ཤིང་། མིག་སྔར་རྫོང་(གྲོང་ཁྱེར། ཆུས་)ཁག་གིས་ཆུ་བོ་དང་། མཚོ་མཚེའུ། ཆུ་མཛོད། ཆུ་ཡུར་རིམ་དབྱེ་རིགས་དབྱེའི་མིང་གཞུང་བཟོ་བའི་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད་པ་རེད།
         བདེ་ཆེན་ཀྲོའུ་ཡི་ཁོངས་སུ་ཆུ་བོ་མང་བ་དང་འབྲི་ཆུ་དང་རྫ་ཆུ་བྱང་ནས་ལྷོར་རྒྱུག་གི་ཡོད་ལ“ཆུ་གཉིས”རིམ་པ་དང་པོའི་ཆུ་ལག་220ཡིས་སྒྲོ་དབྱིབས་ཆུ་བོའི་མ་ལག་ཅིག་ཆགས་ཡོད། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མགྱོགས་པོ་སོང་བ་དང་ཆབས་ཅིག ཆུ་གློག་གསར་སྤེལ་དང་བཟོ་ལས་དང་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་སྤྱོད་དང་ཆུ་འབུད་སོགས་ཆུ་བེད་སྤྱོད་ཉིན་བཞིན་མང་དུ་སོང་བ་དང་། ཆུ་བོའི་ངོགས་སུ་གང་བྱུང་དུ་ས་ཆ་བཅད་བཟུང་སོགས་ཀྱི་གནད་དོན་ཁག་གཅིག་ཀྱང་མངོན་གསལ་དོད་པོ་ཡོད་པས་ཆུ་བོ་དང་མཚོ་མཚེའུའི་སྣོད་བཅུད་དང་། འབྲུབ་འགོག ཆུ་འདོན་སོགས་བྱེད་ནུས་འདོན་རྒྱུའི་ཐད་འགོག་རྐྱེན་ཆེན་པོ་བཟོ་ཡི་ཡོད།
         དེར་བརྟེན་བདེ་ཆེན་ཁུལ་གྱིས་《ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཟོས་པ་མ་ཟད། 《ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལས་དོན་ལག་བསྟར་གྱི་ཇུས་གཞི་》ནང“ཆུ་དཔོན་ལམ་ལུགས”ཀྱི་གཞི་རྩའི་ལས་དོན་གྱི་རྩ་དོན་དང་། དམིགས་ཚད་གཙོ་བོ། ལས་འགན་གཙོ་བོ། ལས་ཀའི་མྱུར་ཚད་བཀོད་སྒྲིག་བཅས་ཀྱང་བཏོན་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ཀྲོའུ་རིམ་པའི་སྤྱི་ཁྱབ་ཆུ་དཔོན་ནི་ཀྲོའུ་ཨུད་ཧྲུའུ་ཅིས་འགན་ཁུར་བ་དང་། སྤྱི་ཁྱབ་ཆུ་དཔོན་གཞོན་པ་ནི་ཀྲོའུ་ཀྲང་གིས་འགན་ཁུར་བ། འབྲི་ཆུ་(བདེ་ཆེན་གྱི་རྒྱུག་ཁུལ་)དང་རྫ་ཆུའི་(བདེ་ཆེན་གྱི་རྒྱུག་ཁུལ་)ཆུ་དཔོན་ནི་ཀྲོའུ་ཀྲང་གིས་འགན་ཁུར་བ། “ཆུ་བོ་གཉིས”ཀྱི་རིམ་པ་དང་པོའི་ཆུ་ལག་གཙོ་བོ་དང་ས་མཐོའི་མཚེའུ་གཙོ་བོ་དང་དེ་བཞིན་《ཡུན་ནན་ཞིང་ཆེན་གྱི་ཆུའི་བྱེད་ནུས་ཁུལ་དབྱེ་》ནང་བཅུག་པའི་ཆུ་བོ་10དང་། མཚེའུ་4 ཆུ་མཛོད་2 དེ་བཞིན་ཆུ་ཤུགས་གློག་ཁང་1བཅས་ནི་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཆུ་(མཚེའུ་དང་ཆུ་མཛོད་)དཔོན་གྱི་འགན་ཁུར་བ། བལྟོས་བཅས་ཀྱི་ཆུ་བོ་རྒྱུག་ཁུལ་དང་མཚོ་མཚེའུ་གནས་སའི་རྫོང་(གྲོང་ཁྱེར་)གི་ཆུ་དཔོན་ནི་ཆུ་བོ་དང་མཚེའུ་གནས་ཡུལ་རྫོང་(གྲོང་ཁྱེར་)སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འགན་ཁུར་བ། 《བདེ་ཆེན་ཀྲོའུ་ཡི་ཆུའི་བྱེད་ནུས་ཁུལ་དབྱེ་》ནང་བཅུག་པའི་ཆུ་བོ་དང་། མཚེའུ། ཆུ་མཛོད། ཆུ་མཛོད་ཆུང་(དང་པོ་)གྲས་(གློག་ཁང་ཚུད་)བཅས་སུ་རྫོང་(གྲོང་ཁྱེར་)རིམ་པའི་ཆུ་དཔོན་བཙུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།