འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་
    བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་18ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་ལྗོངས་ཀྱིས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་མཐའ་འཁྱོངས་དང་། “ངལ་རྩོལ་པས་རང་བརྟེན་ངང་ལས་ཞུགས་དང་། ཁྲོམ་རས་ལས་ཞུགས་བྱ་རྒྱུ་སྙོམས་སྒྲིག སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་གཏོད་ལ་ལྕག་སྐུལ་བྱེད་པ”བཅས་ཀྱི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”སྤྱིའི་བཀོད་སྒྲིག་གཞིར་བཟུང་། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རའི་ཐོག་ལས་ཞུགས་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ལས་ཞུགས་ཀྱི་འདུ་ཤེས་ལེགས་སུ་གཏོང་བ་དང་། ལས་སྟེགས་སྣ་ཚོགས་གཏོད་པ། གཞི་རྟེན་སྣ་ཚོགས་གཏོད་པ། ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཞབས་ཞུའི་བྱེད་ཐབས་གསར་གཏོད་བྱེད་པ། ལས་ཞུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱིས་སྒོར་དུང་ཕྱུར་20བཏང་ནས་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་བཙུགས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་བྱེད་པ་དང་རང་བརྟེན་ལས་གཏོད་དང་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་ནས་ལོ་ཚད་ངེས་ཅན་ཞིག་ཟིན་རིགས་ལ་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་སྟེ། ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་ལོ་ཚད་རིང་ཤོས་ལ་ལོ་5ཡི་འཚོ་བ་དང་སྡོད་ཁང་གི་ཁ་གསབ་སྤྲད་དེ་རང་སྐྱོང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལྟར་50%ལག་བསྟར་བྱ་རྒྱུ་དང་འབྲེལ་སྤྱི་ཚོགས་འགན་བཅོལ་ཁ་གསབ་རིང་ཤོས་ལོ་10བྱ་རྒྱུ་རེད། མཐོ་སློབ་སློབ་ཐོན་སློབ་མས་རང་བརྟེན་ལས་གཏོད་བྱེད་མཁན་ལ་མི་རེར་སྒོར་ཁྲི་5དང་དུད་ཚང་རེར་མཐོ་ཤོས་སྒོར་ཁྲི་20ལྟར་རྒྱབ་སྐྱོར་བྱ་རྒྱུ་དང་དེ་བཞིན་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཁ་གསབ་རིང་ཤོས་ལོ་10སྤྲོད་རྒྱུ་ཡིན་པ་རེད། མི་སྒེར་གྱི་དངུལ་བུན་གྲངས་འབོར་མཐོ་ཤོས་སྒོར་ཁྲི་50གཡར་ཆོག་པ་དང་དངུལ་བུན་གཏོང་བའི་དུས་ཚོད་རིང་ཤོས་ལོ་10ཡིན་པ་དང་ལོ་དང་པོ་ནས་གསུམ་པ་བར་ཚང་མ་སྐྱེད་གསབ་སྤྲོད་ཀྱི་ཡོད། དངུལ་རྩའི་སྒྲིག་གཞིས་ནོར་སྲིད་ཁག་ཐེག་ཐེབས་རྩའི་ལྡབ་10གཞིར་བཟུང་དངུལ་བུན་གཏོང་ཆོག ཁང་པ་གཡར་ནས་གཉེར་སྐྱོང་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མས་ལོར་མཐོ་ཤོས་སྒོར་ཁྲི་2.4ཡི་ཁང་རིན་དང་ཆུ་རིན་གྱི་ཁ་གསབ་ལོངས་སྤྱོད་བྱེད་ཆོག རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་ལས་གཏོད་ཞབས་ཞུའི་ལས་སྟེགས་སྐྲུན་མཁན་ཚན་པར་སྒོར་ཁྲི་300ནས་ཁྲི་800བར་གྱི་འཛུགས་སྐྲུན་མ་དངུལ་གཏོང་རྒྱུ་ཡིན་པ་དང་། བསྐྲུན་རྗེས་ལོ་ལྟར་འཁོར་རྒྱུག་དོ་དམ་གྱི་འགྲོ་གྲོན་མཐོ་ཤོས་སྒོར་ཁྲི་200ཁ་གསབ་བྱ་རྒྱུ་དང་ཁ་གསབ་ཀྱི་དུས་ཚོད་རིང་ཤོས་ལོ་5ཡིན་པ་རེད། ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་ས་གནས་དེ་གའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལྟར་འཚོ་བ་དང་སྡོད་ཁང་གི་ཁ་གསབ་50%སྤྲོད་རྒྱུ་དང་འབྲེལ་ལམ་གྲོན་སྒོར་2000ཁ་གསབ་བྱ་རྒྱུ་རེད། གོང་གི་ཐབས་ལམ་བརྒྱུད་ལས་ཞུགས་ལས་གཏོད་བྱེད་མཁན་ཚང་མར་སློབ་རིན་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།