འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི"གཞི་གཅིག་ཅན"གྱི་གྱོད་འབྲེལ་
    རྒྱུ་ནོར་དོ་དམ་ལྟེ་གནས་ཐོག་མ་དེ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་སྤྱི་བདེ་ཡན་ལག་ཅུས་དང་། གྲོང་བྱང་ཆུས་མི་དམངས་ཞིབ་དཔྱོད་ཁང་། གྲོང་བྱང་ཆུས་མི་དམངས་ཁྲིམས་ཁང་བཅས་ཚན་པ་གསུམ་གྱིས་མཉམ་དུ་བཙུགས་པའི་མཚོ་སྔོན་གྱི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི“གཞི་གཅིག་ཅན”གྱི་གྱོད་འབྲེལ་རྒྱུ་ནོར་(དངོས་དཔང་)དོ་དམ་ལྟེ་གནས་ཐོག་མ་དེ་གྲོང་བྱང་ཆུས་སྤྱི་བདེ་ཡན་ལག་ཅུས་སུ་དངོས་སུ་སྤྱོད་འགོ་བཙུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། གྱོད་འབྲེལ་རྒྱུ་ནོར་དོ་དམ་ལྟེ་གནས་དེ་གྲོང་བྱང་ཆུས་སྤྱི་བདེ་ཡན་ལག་ཅུས་གྱོད་སྒྲུབ་ལྟེ་གནས་སུ་བཙུགས་པ་དང་། དེའི་ནང་གྱོད་འབྲེལ་དངོས་དཔང་བདག་གཉེར་ཁང་བཙུགས་ཡོད་པས། དངོས་དཔང་རིགས་དབྱེ་དང་སྐོར་སྐྱོད་ཁོངས་གཏོགས་ཁ་གསལ་བ་དང་། དངོས་དཔང་དོ་དམ་ལྟེ་གནས་ལ་ཡར་འཛུལ་མར་དོན་བྱེད་པར་སོར་རིས་སྒོ་ལྕགས་ཀྱང་བསྒར་ཡོད་པ། ལྡིར་སོ་སྤྲོས་ཆས་དང་ཉེན་བརྡ་གཏོང་བའི་མ་ལག་སྒྲིག་སྦྱོར་བྱས་ཡོད། དངོས་དཔང་ལྟེ་གནས་ཀྱིས་གྱོད་འབྲེལ་རྒྱུ་ནོར་ཚང་མར་ཆ་འཕྲིན་ཨང་རྟགས“གྱོད་གཞི་གཅིག་ལ་ཡིག་ཚགས་གཅིག་དང་དངོས་པོ་གཅིག་ལ་ཨང་གྲངས་གཅིག”བཀོད་ཡོད་པས། གྱོད་སྒྲུབ་མི་སྣས་གྱོད་གཞིའི་ཨང་གྲངས་དང་ཆ་འཕྲིན་ཨང་གྲངས་བརྒྱུད་མགྱོགས་མྱུར་འཚོལ་ཞིབ་ཐུབ་ནས།“ཨང་གྲངས་ལ་གཞིགས་ནས་གྱོད་གཞི་འཚོལ་ཞིབ་བྱེད་རྒྱུ”དང“ཨང་གྲངས་ལ་གཞིགས་ནས་དངོས་པོ་འཚོལ་ཞིབ་བྱེད་རྒྱུ”མངོན་འགྱུར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།