འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཁོང་ཀོར་རོགས་སྐྲུན་བྱས་པའི་གྲོས་ཚོགས་ཐོག་བརྩེགས་ཁང་ཆེན་གསར་པའི་
    རྩིག་རྨང་བཏིང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོས་ཁོང་ཀོར་རོགས་སྐྲུན་བྱས་པའི་གྲོས་ཚོགས་ཐོག་བརྩེགས་ཁང་ཆེན་གསར་པའི་རྩིག་རྨང་འདིང་བའི་མཛད་སྒོ་དེ་ཉེ་དུས་པུ་ར་ཙ་ཝེར་དུ་འཚོགས་པ་དང་ཁོང་ཀོའི་ཙུང་ཐུང་ས་སུའུ་དང་ཀྲུང་གོའི་ཚོང་དོན་པུའི་འཐུས་མི་ཚོགས་པ་སོགས་ཀྱི་སྐུ་མགྲོན་ཕེབས་ཡོད་པ་རེད།
         ཁོང་ཀོའི་ལས་གྲྭ་ཆེ་རིགས་ཀྱི་པུའུ་ཀྲང་པུའུ་ཡ་ཡིས་རྩིག་རྨང་འདིང་བའི་མཛད་སྒོའི་ཐོག་ཁོང་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཛའ་གྲོགས་ལྡན་པ། ཕྱོགས་གཉིས་པོའི་འབྲེལ་བར་ཕན་འབྲས་ཆེན་པོ་ཐོན་ཡོད་པས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་ཞེས་བརྗོད།
         ཁོང་ཀོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤ་ཧོང་ཡེ་ཡིས་ཉེ་བའི་ལོ་ཤས་ནང་ཀྲུང་ཁོང་རྒྱལ་ཁབ་གཉིས་པོར་རྨང་གཞིའི་སྒྲིག་བཀོད་དང་། དམངས་སྤྱོད་མཁའ་འགྲུལ། ཐོན་ནུས་མཉམ་ལས་སོགས་ཁྱབ་ཁོངས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། གྲོས་ཚོགས་ཐོག་བརྩེགས་ཁང་ཆེན་གསར་པའི་རྣམ་གྲངས་དེ་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་ཚད་ཤིང་གསར་པར་གྱུར་རྒྱུ་རེད་ཅེས་བརྗོད།
         ཀྲུང་གོ་སྲིད་གཞུང་གིས་ཁོང་ཀོར་རོགས་སྐྲུན་བྱས་པའི་གྲོས་ཚོགས་ཐོག་བརྩེགས་ཁང་ཆེན་གསར་པའི་རྣམ་གྲངས་དེ་2020ལོར་ལས་མཇུག་སྒྲིལ་ནས་དངོས་སུ་སྤྱོད་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།