འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དངོས་པར་བརྙན་འཕྲིན་པར་གཞི་《འཛམ་གླིང་ཡང་རྩེ་》ཞེས་པ་ནེ་པ་
    ལར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་བོད་ས་མཐོའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་ཚུལ་ཕྱོགས་ཡོངས་ནས་མཚོན་པའི་བོད་དང་འབྲེལ་བ་ཡོད་པའི་དངོས་པར་བརྙན་འཕྲིན་པར་གཞི་ཆེ་གྲས་《འཛམ་གླིང་ཡང་རྩེ་》ཞེས་པ་ཉེ་ཆར་ནེ་པ་ལའི་ཧེ་མ་ལ་ཡ་བརྙན་འཕྲིན་ལས་ཁུངས་ནས་བསྟན་པ་རེད།
         ཧེ་མ་ལ་ཡ་བརྙན་འཕྲིན་ལས་ཁུངས་ནི་ནེ་པ་ལའི་སྒེར་གཉེར་བརྙན་འཕྲིན་ལས་ཁུངས་ཆེ་ཤོས་དེ་ཡིན་ལ། ལྟད་མོ་བའི་ཁྱབ་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱི་གྲས་ཤིག་ཀྱང་རེད། 《འཛམ་གླིང་ཡང་རྩེ་》ཞེས་པ་བརྙན་འཕྲིན་ལས་ཁུངས་དེས་བསྟན་པ་ལས་ནེ་པ་ལའི་དམངས་ཚོགས་ཀྱིས་ཀྲུང་གོའི་མཚོ་བོད་ས་མཐོར་ངོས་འཛིན་དང་ཤེས་རྟོགས་བྱེད་ཚད་ཟབ་ཏུ་འགྲོ་རྒྱུ་རེད།
         ཧེ་མ་ལ་ཡ་བརྙན་འཕྲིན་ལས་ཁུངས་ཀྱི་ལས་དོན་མི་སྣ་ཅི་མི་ལེས་གསར་འགོད་པར་《འཛམ་གླིང་ཡང་རྩེ་》ཞེས་པས་ངེད་ཚོར་ཆེས་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་ཞིག་བསྟན་ནས་ངའི་ཤེས་བྱའང་ཕུན་སུམ་ཚོགས་སུ་ཕྱིན་སོང་། “ཆེད་ལས་ཀྱི་ངོས་ནས་བཤད་ན། མིག་སྔར་ངེད་ཚོར་ད་དུང་ངོ་མཚར་ཆེ་བའི་དངོས་པར་བརྙན་འཕྲིན་པར་གཞི་དེ་ལྟ་བུ་བཟོ་ནུས་མེད་པས་སླད་ཕྱིན་ང་ཚོས་ལས་ཀ་དེ་འགྲུབ་ཐུབ་པའི་རེ་བ་ཡོད”ཅེས་བཤད་པ་རེད།
         ནེ་པ་ལ་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དབར་ས་འབྲེལ་ཡིན་པ་དང་། དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་མང་བ། རིག་གནས་སྤེལ་རེས་ཟབ་པ་བཅས་ཡོད་པར་བརྟེན་ནེ་པ་ལའི་དམངས་ཚོགས་མི་ཉུང་བ་ཞིག་གིས་ཀྲུང་གོའི་བོད་ལྗོངས་དང་ཐ་ན་མཚོ་བོད་ས་མཐོ་ཧྲིལ་པོའི་ཡ་མཚན་ཤེས་འདོད་ཆེན་པོ་བྱེད་ཀྱི་ཡོད།
         ཀ་ཏ་མན་རྡུ་སློབ་ཆེན་གྱི་ལ་པིན་ཞེས་པའི་སློབ་མ་ཞིག་གིས“རང་ཉིད་ཀྱིས་རི་བོ་ཧེ་མ་ལ་ཡའི་བྱང་རྒྱུད་ས་ཁུལ་ལ་དགའ་སྣང་ཆེན་པོ་ཡོད་ཁར་《འཛམ་གླིང་ཡང་རྩེ་》ཞེས་པ་བལྟས་པས་རྗེས་སུ་དེ་གར་བསྐྱོད་རྒྱུའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང”ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།