འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ཀན་ཀུའུ་གླང་ཆེན་རི་བོའི་བྲག་ཕུག་སྲ་བརྟན་ལས་གྲྭ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཡུན་རིང་ཆར་རླུང་གི་བརྡར་ཟད་ཐེབས་པ་སོགས་རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་དང་མིའི་བྱ་སྤྱོད་ཀྱིས་རྐྱེན་པས་རྒྱལ་ཡོངས་གཙོ་གནད་ཀྱི་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་གླང་ཆེན་རི་བོའི་བྲག་ཕུག་གི་བྲག་ལྡེབས་ཆ་ཤས་སུ་སེར་ཁ་གས་པ་དང་བྲག་ངོས་འགོག་པ་སོགས་ཀྱི་གནས་ཚུལ་ཐོན་ནས་ཡུལ་སྐོར་བའི་བདེ་འཇགས་དང་རིག་དངོས་སྲུང་སྐྱོང་ལ་ཉེན་ཁ་འཕྲད་་ཡོད་པ་རེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་གནང་བ་བརྒྱུད་ཀན་སུའུ་ཞིང་ཆེན་ཀན་ཀུའུ་རྫོང་གིས་ཉེ་དུས་གླང་ཆེན་རི་བོའི་བྲག་ཕུག་གི་ཉེན་ཡོད་བྲག་ལྡེབས་ཆ་ཤས་སྲ་བརྟན་དུ་གཏོང་བའི་ལས་གྲྭ་འགོ་བཙུགས་པ་རེད།
         ཀན་ཀུའུ་རྫོང་ཡུལ་སྐོར་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རིག་དངོས་སྲུང་སྐྱོང་རིགས་ཀྱི་མྱུར་སྐྱོབ་བརྟན་གཏོང་ལས་གྲྭ་ཡིན་པའི་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་1000ལྷག་ཙམ་གཏོང་རྩིས་ཡོད་པ་དང་། གླང་ཆེན་རི་བོའི་བྲག་ཕུག་གི་ཉེན་ཡོད་བྲག་ལྡེབས་ཆ་ཤས་དང་། བརྟན་པོ་མེད་པའི་བྲག་རྩ། བྲག་ཤུར་སོགས་ཁག་བཅུ་ལྷག་ལ་ལྕགས་སྐྱོར་གཏོང་བ་དང་བྲག་རྩ་བརྟན་གཏོང་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། 2018ལོར་ལས་གྲྭ་འགྲུབ་བཟོ་ཡོད་པ་རེད།
         གླང་ཆེན་རི་བོའི་བྲག་ཕུག་ཀན་ཀུའུ་རྫོང་གྲོང་གི་ལྷོ་ནུབ་མཚམས་སུ་གནས་པ་དེ་གནའ་བོའི་དར་གོས་ལམ་བུའི་ཐོག་གི་ཀན་སུའུ་ཤར་ལྷོའི་རྒྱུད་ཀྱི་བྲག་ཕུག་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་པ་དང་2001ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་ལྔ་པའི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་ཁྱབ་བསྒྲགས་བྱས། བྲག་ཕུག་གི་རིག་དངོས་ཤག་ཕྱེ་དམར་པོ་ལས་འགྲུབ་པས་བྲག་ཕུག་འདྲུ་རྒྱུར་ཆ་རྐྱེན་བསྐྲུན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གླང་ཆེན་རི་བོའི་བྲག་ཕུག་ཅེས་པ་ནི་བྲག་ཕུག་འདྲུ་སྐབས་རྡོ་ཐལ་འཇིམ་སྐུ་ལས་འགྲུབ་པའི་ཐང་རྒྱལ་རབས་ཀྱི་སངས་རྒྱས་མཚན་ལས་བྱུང་བ་ཞིག་ཡིན་པ་དེའི་སྐུ་ཚད་ལ་སྨི་23.3དང་དཔུང་ཞེང་ལ་སྨི་9.5དང་། ས་བབ་སྨི་1516མཚམས་སུ་གནས་པ་དེ་ས་ངོས་ནས་སྨི་200མཚམས་ཀྱི་བྲག་ཕུག་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།