འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཤིས་ཀྱི་མཐོ་སློབ་ལྔ་རུ“ཁྲང་ཨན་མནའ་འབྲེལ”བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧྲའན་ཤིས་དགེ་འོས་སློབ་ཆེན་དང་། ནུབ་བྱང་སློབ་ཆེན། ཤིས་ཨན་ཕྱི་སྐད་སློབ་ཆེན། ནུབ་བྱང་སྲིད་ཁྲིམས་སློབ་ཆེན། ཤིས་ཨན་སྦྲག་ཏར་སློབ་ཆེན་བཅས་ཀྱིས་ཧྲའན་ཤིས་མཐོ་སློབ་ཀྱི“ཁྲང་ཨན་མནའ་འབྲེལ”བཙུགས་ཤིང་། སླད་ཕྱིན་མཐོ་སློབ་ལྔའི་སློབ་ཆེན་སློབ་མ་ཁྲི་10ལྷག་ཙམ་གྱིས་མཐོ་སློབ་ཀྱི“ཚད་གཞི་མཐོ་པོའི”ཚོད་འཛིན་མི་ཕོག་པར་རང་དགར་སློབ་ཆེན་གང་རུང་ཞིག་ཏུ་བསྐྱོད་དེ་སློབ་གྲྭ་བརྒལ་ནས་བདམས་སྦྱོང་སློབ་དུས་སྐར་འགོད་དང་ཟབ་སྦྱོང་ཆེད་ལས་སྦྱོང་རྒྱུ་མ་ཟད། ད་དུང་སློབ་གྲྭ་ལྔའི་སློབ་ཁྲིད་ཐོན་ཁུངས་དང་དགེ་རྒན་ཐོན་ཁུངས་སྣ་ཚོགས་སྒོ་དབྱེའི་མཉམ་རོལ་མངོན་འགྱུར་ཐུབ་རྒྱུ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། “ཁྲང་ཨན་མནའ་འབྲེལ”དེ་གོང་གསལ་གྱི་མཐོ་སློབ་ལྔ་ཡིས་རང་འགུལ་ངང་བཙུགས་པ་ཞིག་དང“ཐོན་ཁུངས་མཉམ་རོལ་དང་། ལེགས་ཆ་གསབ་རེས། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས”བཅས་ཀྱི་རྩ་དོན་གཞིར་བཟུང་མཐོ་རིམ་སློབ་གྲྭའི་ཐོན་ཁུངས་ཀྱི་མཉམ་གཏོད་དང་། མཉམ་རོལ། གཉིས་ཁེ་བཅས་ཀྱི་ལམ་སྲོལ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ཁར་སྤུས་ལེགས་ཀྱི་མཐོ་རིམ་སློབ་གསོའི་ཐོན་ཁུངས་མཉམ་རོལ་མ་ལག་འཚོལ་ཞིབ་ཀྱིས་འཛུགས་རྒྱུའི་ཐད་སྔོན་ལ་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད། མཉམ་ལས་གཏིང་ཟབ་བྱས་ནས་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཤེས་ལྡན་མི་སྣ་དང་ཐོན་ཁུངས་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་འཕེལ་བ། རིག་གཞུང་ཚན་ཁག་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད། རིག་གཞུང་ཚན་ཁག་གི་འཕར་གཞི་སྐྱེད་སྲིང་། རྒྱལ་ཁབ་དང་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་མཉམ་དུ་ཐག་གཅོད་བཅས་བྱས་ཏེ་སློབ་གྲྭ་ཁག་གི་ཐོན་ཁུངས་ལེགས་ཆ་ནུས་ལྡན་ངང་ཆེ་རུ་འགྲོ་རྒྱུའི་ཁར་རིག་གཞུང་ཚན་ཁག་དང་། ཆེད་ལས། ཤེས་ལྡན་མི་སྣ། གྲུབ་འབྲས་སོགས་རྩེ་གྲ་བཞི་མགྱོགས་མྱུར་གཏོད་ཐུབ་རྒྱུའང་རེད།
      

    ཕྱོགས་བསྡུས་གསར་འགྱུར།