འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་ཧུའེ་ཡིས་ཆེད་དོན་བྱ་སྤྱོད་སྤེལ་ནས་ས་བོན་ཁྲོམ་རར་བཅོས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཨན་ཧུའེ་ཞིང་ཆེན་ཞིང་ལས་ཨུ་ལྷན་གྱིས་ཐའེ་ཧོ་རྫོང་དུ་ཞིང་ནང་སྐྱེ་དངོས་ཀྱི་ས་བོན་གསར་པ་འགྲེམས་སྟོན་དང་དཔེ་སྟོན་གྱི་ས་ཆ་དངོས་ཀྱི་ཚོགས་འདུ་འཚོགས་ནས། ཟླ་5ནས་ཟླ་10བར་ཞིང་ཆེན་ཡོངས་སུ་ས་བོན་ཁྲོམ་རར་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་ནས་རྫུས་ལྷད་བཏང་བའི་ས་བོན་བཟོ་བཙོང་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། ས་བོན་ཁྲོམ་རའི་སྒྲིག་ལམ་ལ་བཅོས་སྒྲིག་དང་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་རེད།
         བཀོད་སྒྲིག་ལ་གཞིགས་ན། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ནང་ལེབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་ཆབས་ཅིག ཞིང་ཆེན་དབར་དང་གྲོང་ཁྱེར་དང་རྫོང་དབར་གྱི་སྦྲེལ་མཚམས་ཀྱི་ལྟ་སྐུལ་དོ་དམ་ཉམས་ཞན་ཁུལ་དང་། གནད་དོན་ཅུང་མང་བའི་ས་བོན་སྡུད་འགྲེམས་བྱེད་ས་དང་ཞིང་ལས་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་ཆེ་གྲས། མཐའ་མཚམས་དང་ཐག་རིང་ལུང་ཁུག་གྲོང་ཚོའི་སྡུད་འགྲེམས་ཁྲོམ་ར། ཐེར་འདོན་དང་ཞིབ་བཤེར་ཐག་གཅོད་ཐེངས་མང་བྱས་པའི་ཁེ་ལས་དང་ཚོང་གཉེར་ཚོང་ཁང་བཅས་གཙོ་གནད་དུ་འཛིན་ནས། ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་དང་བྱེད་ཚད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།