འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གློག་འཕྲིན་ལས་གཉེར་ཚོང་པས་ཟླ་བ་9པ་ནས་བཟུང་ལག་འཁྱེར་ཁ་པར་གྱི་
    རྒྱལ་ནང་གི་ཐག་རིང་ཁ་པར་གཏོང་གླ་དང་འཁྱམས་སྤྱོད་གླ་མེད་པར་བཟོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་9ཚེས་1ཉིན་ནས་བཟུང་བོད་ལྗོངས་གློག་འཕྲིན་གྱིས་ལག་ཁྱེར་ཁ་པར་གྱི་རྒྱལ་ནང་གི་ཐག་རིང་ཁ་པར་གཏོང་གླ་དང་འཁྱམས་སྤྱོད་གླ་མེད་པར་བཟོ་རྒྱུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་ལག་ཁྱེར་ཁ་པར་གྱི་རྒྱལ་ནང་གི་ཐག་རིང་ཁ་པར་གཏོང་གླ་དང་འཁྱམ་སྤྱོད་གླ་ནི་ཟླ་10པར་ཁྱོན་ཡོངས་ནས་མེད་པར་བཟོ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་བོད་ལྗོངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། དྲ་བའི་མྱུར་ཚད་མགྱོགས་གཏོང་དང་གླ་རིན་ཆག་པར་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞིང་། ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་བོད་ལྗོངས་གློག་འཕྲིན་གྱིས་ཨ་མེ་རི་ཁ་གླིང་བྱང་མ་དང་། ཡོ་རོབ་གླིང་། ཨེ་ཤེ་ཡ་ཤར་ལྷོའི་རྒྱུད། དེ་བཞིན་དུ"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་བཅས་ཕྱོགས་73གྱི་རྒྱལ་སྤྱི་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཐག་རིང་ཁ་པར་གཏོང་གླ་བཅག་ཅིང་། ཆ་སྙོམས་སུ་གཅོག་ཚད་37%ཟིན་པ་དང་། གཅོག་ཚད་མཐོ་ཤོས་90%ལས་བརྒལ་བ་རེད། ཟླ་6ཚེས1ཉིན་ནས་བཟུང་བོད་ལྗོངས་གློག་འཕྲིན་གྱིས་འཕྲིན་སྦྲེལ་དྲ་བའི་ཆེད་སྐུད་ཀྱི་གླ་རིན་ཚད་གཞི་གཅོག་རྒྱུ་ཡིན་ཞིང་། འཇགས་རྣམ་ལམ་སྟོན་མཐུད་འབྲེལ་བྱ་ཐབས་ཀྱི་འཕྲིན་སྦྲེལ་དྲ་བའི་ཆེད་སྐུད་ཀྱི་ཚད་ལྡན་གླ་རིན་15%གཅོག་རྒྱུ་ཡིན་པ་དང་། ཁེ་ལས་ཆུང་འབྲིང་གི་འཕྲིན་སྦྲེལ་དྲ་བའི་ཆེད་སྐུད་མཐུད་འབྲེལ་གྲོན་དངུལ་ཁུར་པོ་ཡང་དུ་གཏོང་རྒྱུ་རེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།