འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་པོ་ཏ་ལའི་སྒོ་འཛིན་རིན་གོང་མི་རེར་སྒོར་200རེར་སྤར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕོ་བྲང་པོ་ཏ་ལ་ནི་རིན་བྲལ་གཅེས་ནོར་གྲངས་མེད་ཉར་ཚགས་བྱས་ཡོད་པའི་སྒྱུ་རྩལ་ཕོ་བྲང་ཞིག་ཡིན་པས། བོད་དུ་ཕེབས་པའི་ཡུལ་སྐོར་བ་ཚོ་ངེས་པར་དུ་བསྐྱོད་དགོས་པའི་གནས་ལྗོངས་ཤིག་ཡིན་པ་དང་། ཕོ་བྲང་པོ་ཏ་ལ་ཡིས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱིས་ཡུལ་སྐོར་བ་ཁྲི་སྟོང་མང་པོ་འགུགས་བཞིན་ཡོད་པ་རེད། ཉེ་ཆར། གསར་འགོད་པས་པོ་ཏ་ལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་སུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་པ་དང་ཆབས་ཅིག་ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར། ཡུལ་སྐོར་བ་ཕོ་བྲང་པོ་ཏ་ལ་རུ་ལྟ་སྐོར་འགྲོ་དགོས་ན་ཉིན་གཅིག་གི་སྔོན་ནས་སྒོ་འཛིན་མངགས་ཉོ་བྱ་དགོས་པ་དང་། ཟླ་5ཚེས་1ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་གྱི་རིན་གོང་ནི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་ལག་བསྟར་བྱས་ནས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་སྒོ་འཛིན་རིན་གོང་མི་རེར་སྒོར་100རེ་ཡིན་པ་ནས་མི་རེར་སྒོར་200རེ་ཡིན་པར་སྤར་ཡོད་པ་རེད།
         ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་པ་ལྟར་ན། ལོ་རེའི་ཟླ་11ཚེས་1ཉིན་ནས་ལོ་རྗེས་མའི་ཟླ་4ཚེས་30ཉིན་བར། ཕོ་བྲང་པོ་ཏ་ལ་ཡིས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་སྒོ་འཛིན་རིན་གོང་མི་རེར་སྒོར་100རེ་ཡིན་པ་ལག་བསྟར་བྱ་རྒྱུ་རེད། ན་ནིང་ལོ་ཧྲིལ་པོར་ཕོ་བྲང་པོ་ཏ་ལ་ཡིས་ཡུལ་སྐོར་བ་སྣེ་ལེན་བྱས་གྲངས་མི་ཐེངས་ཁྲི་100ལ་ཉེ་བ་ཟིན་པ་དང་། མིག་སྔར་ཉིན་རེར་ཕོ་བྲང་པོ་ཏ་ལ་རུ་ལྟ་སྐོར་བྱེད་པར་ཡོང་བའི་ཡུལ་སྐོར་བ་ཡང་སྟོང་ལྷག་ཟིན་གྱི་ཡོད་པ་རེད། ཟླ་5ཚེས་1ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལ་ཡིས་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་སྒོ་འཛིན་རིན་གོང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་དུ། ཡུལ་སྐོར་བ་ཕོ་བྲང་པོ་ཏ་ལ་རུ་ལྟ་སྐོར་འགྲོ་བ་ཡིན་ན་ཉིན་གཅིག་གི་སྔོན་དུ་ཐོབ་ཐང་ལག་ཁྱེར་བཟུང་སྟེ་སྒོ་འཛིན་མངགས་ཉོ་བྱེད་སར་སྒོ་འཛིན་མངགས་ཉོ་བྱ་དགོས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་རེའི་སྔ་དྲོའི་ཆུ་ཚོད་9ནས་ཕྱི་དྲོའི་ཆུ་ཚོད་17བར། ཡུལ་སྐོར་བས“ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་དྲ་ཚིགས”ལ་ཐོ་འཇུག་བྱས་ནས་རང་གི་རུས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ནང་འཇུག་བྱས་ཏེ་དངོས་མིང་ཐོག་ནས་ཐོ་འགོད་བྱས་རྗེས། ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངགས་ཉོ་བྱས་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།