འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་སྤྱིའི་སྐྱོན་བྲལ་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སོགས་སྡེ་ཚན་5ཡིས་《སྐྱོན་བྲལ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཏོན་པའི་ནང་། 2020ལོར་སླེབས་སྐབས་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐྱོན་བྲལ་ཡུལ་སྐོར་རྟེན་གཞི་ཁག་གཅིག་བསྐྲུན་རྒྱུ་དང་། སྐྱོན་བྲལ་ཡུལ་སྐོར་གྱི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་ཆགས་པར་བྱ་རྒྱུ། ས་ཁོངས་མི་འདྲ་བའི་ཁྱད་ཆོས་དང་འཚམ་པའི་སྐྱོན་བྲལ་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་དང་དཔེ་མཚོན་ཉམས་མྱོང་ཁག་གཅིག་ཁྱབ་གདལ་གཏོང་རྒྱུ། རྒྱལ་སྤྱིའི་སྐྱོན་བྲལ་ཡུལ་སྐོར་བྱ་ཡུལ་ཁག་གཅིག་གཏོད་རྒྱུ་བཅས་དང་2030ལོར་སླེབས་སྐབས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བའི་སྐྱོན་བྲལ་ཡུལ་སྐོར་ཞབས་ཞུའི་མ་ལག་ཅིག་བསྐྲུན་ཟིན་པ་བྱས་ནས་སྐྱོན་བྲལ་ཡུལ་སྐོར་གྱི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་ཤུགས་ཆེན་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རིམ་བཞིན་ལེགས་སུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྔར་ལས་མང་བས་རང་རྒྱལ་འདི་ཉིད་སྐྱོན་བྲལ་གྱི་ཡུལ་སྐོར་བྱ་ཡུལ་ལ་བརྩི་རྒྱུའི་ཡིད་དབང་བཀུག་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུ་ཡིན་པ་འཁོད་ཡོད།
         《བསམ་འཆར་》ནང་། ས་ཁུལ་ཁག་གི་རང་བྱུང་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། སྣོད་བཅུད། ས་བབ་སོགས་ཁྱད་ལྡན་ཐོན་ཁུངས་དང་ཡུལ་སྐོར་བྱ་ཡུལ་གལ་ཆེན་ལ་བརྟེན་པ་དང་སྨན་བཅོས་སྒྲིག་གཞི་དང་། སྐྱོན་བྲལ་གྱི་དོ་དམ་སྒྲིག་གཞི། དྲག་སྐྱེད་ནད་སྐྱོང་སྒྲིག་གཞི། སོས་དལ་ལུས་གསོའི་སྒྲིག་གཞི་སོགས་གཞི་རྟེན་དུ་བྱས་ནས་གཙོ་གནད་ཐོག་རྩེར་སོན་སྨན་བཅོས་དང་། ཁྱད་ལྡན་རིག་ཚན། ཀྲུང་ལུགས་སྨན་བཅོས་འཕྲོད་སྦྱོར། དྲག་སྐྱེད་ལུས་གསོ། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་སོགས་རྣམ་གྲངས་རབ་དང་རིམ་པ་བཏོན་ནས་སྐྱོན་བྲལ་ཡུལ་སྐོར་གྱི་ཐོན་ལས་སྦྲེལ་ཐག་གཏོད་རྒྱུ་ཡིན་པ་འཁོད་ཡོད།
         《བསམ་འཆར་》ནང་། ཐོན་ཁུངས་ཀྱི་ཆ་རྐྱེན་བཟང་བ་དང་། དུས་འགོའི་ལས་ཀའི་རྨང་གཞི་ཡོད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁ་ཕྱོགས་དང་མཐུན་པ། ས་གནས་ཀྱི་ཧུར་བརྩོན་རང་བཞིན་ཆེ་བ་བཅས་ཀྱི་སྐྱོན་བྲལ་གྱི་ཡུལ་སྐོར་རྣམ་གྲངས་ཁག་གཅིག་བདམས་ཏེ་རང་སོ་སོའི་ཁྱད་ཆོས་ལྡན་པའི་སྐྱོན་བྲལ་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་སྐྱོན་བྲལ་ཡུལ་སྐོར་གྱི་འཛད་སྤྱོད་པའི་ཚོགས་སྤྱིའི་ཁྲོམ་ར་བརྟན་པོ་ཞིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།