འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་ཀྱི་རྒྱལ་ཁབ་བར་ཡུལ་སྐོར་སྤེལ་རེས་བྱས་
    གྲངས་མི་ཐེངས་ཁྲི་2500ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན། གསར་འགོད་པས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། རང་རྒྱལ་དང"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་ཀྱི་རྒྱལ་ཁབ་བར་ཡུལ་སྐོར་སྤེལ་རེས་འགྲོ་འོང་ཉིན་རེ་བཞིན་དམ་དུ་འགྲོ་བཞིན་ཡོད་པ་དང་། ཚོད་རྩིས་བྱས་པར་གཞིགས་ན། ཀྲུང་གོ་དང"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་བར་ཕྱོགས་གཉིས་སུ་ཡུལ་སྐོར་སྤེལ་རེས་བྱས་གྲངས་མི་ཐེངས་ཁྲི་2500ལས་བརྒལ་བ་དང་། ཀྲུང་གོ་ནི"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཡུལ་སྐོར་བ་ཡོང་ཁུངས་ཚོང་ར་གལ་ཆེན་ཞིག་ཏུ་གྱུར་པ་རེད།
         སྔོན་དཔག་བྱས་པ་ལྟར་ན། "ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད"ཀྱི་རིང་ལ་རང་རྒྱལ་གྱིས"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་ཡུལ་སྐོར་བ་ཁྲི་1.5དང་། ཡུལ་སྐོར་མཛད་སྤྱོད་ཨ་སྒོར་དུང་ཕྱུར་2000སྐྱེལ་གཏོང་བྱ་རྒྱུ་ཡིན་པ་དང་། དེ་དང་དུས་མཚུངས་སུ་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་8500ཀྲུང་གོར་ཡུལ་སྐོར་ཡོང་བར་བཀུག་སྟེ་ཡུལ་སྐོར་མཛད་སྤྱོད་ཧ་ལམ་ཨ་སྒོར་དུང་ཕྱུར་1100སྐུལ་ཁྲིད་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོས་ལམ་རྒྱུད་རྒྱལ་ཁབ་དང་ཡུལ་སྐོར་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས"རྒྱུད་གཅིག་ལམ་གཅིག"གི་ཡུལ་སྐོར་ཐོན་ལས་ཚུལ་སྒྱུར་རིམ་སྤར་ཇེ་མགྱོགས་བྱེད་པ་དང་། "རྒྱུད་གཅིག"གི་ཡུལ་སྐོར་དེ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས་རིག་གནས་ཉམས་ལེན་དང་། ཉེན་བརྟག་མྱུལ་དཔྱད་ཡུལ་སྐོར། ཚོང་དོན་ཡུལ་སྐོར་སོགས་ཡུལ་སྐོར་གྱི་རྣམ་པ་དཔེ་གསར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་། "ལམ་གཅིག"གི་ཡུལ་སྐོར་དེ་ངལ་གསོས་གུང་སེང་སྤྲོ་སྐྱེལ་དུ་རིམ་སྤར་བྱེད་པར་སྐུལ་འདེད་བཏང་ནས་སྦྲག་སྐྱེལ་གྲུ་གཟིངས་ཀྱི་གྲུ་ཁ་གཙོ་བོ་དང་། སྤྲོ་གསེང་གྲུ་གཟིངས་ཀྱི་གྲུ་ཁ། རྒྱ་མཚོ་གཙོར་བཟུང་སྤྱི་གླིང་བཅས་འཛུགས་སྐྲུན་ལ་སྐུལ་སྤེལ་བརྟན་པོ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།