འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྣེ་འདྲེན་ཁེ་ལས་ཀྱིས་གནད་སྨིན་དབུལ་སྐྱོར་ལ་སྐུལ་ཁྲིད་བྱས་པས་ཕུའུ་ཏིང་གི་ཇ་ལོ་
    དཀར་པོ་འཕེལ་རྒྱས་འགྲོ་ཚུལ་ལེགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྣེ་འདྲེན་ཁེ་ལས་ཀྱིས་གནད་སྨིན་དབུལ་སྐྱོར་ལ་སྐུལ་ཁྲིད་བྱས་པས་ཕུའུ་ཏིང་གི་ཇ་ལོ་
དཀར་པོ་འཕེལ་རྒྱས་འགྲོ་ཚུལ་ལེགས་པ།
         མི་དམངས་དྲ་བའི་འཕྲིན། ཕུའུ་ཅན་ཞིང་ཆེན་ཕུའུ་ཏིང་གི་ཇ་ལོ་དཀར་པོ་འདེབས་འཛུགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེར"འཛམ་གླིང་གི་ཇ་ལོ་དཀར་པོ་ཀྲུང་གོར་ཡོད། ཀྲུང་གོའི་ཇ་ལོ་དཀར་པོ་ཕུའུ་ཏིང་དུ་ཡོད"ཅེས་པའི་མཚན་སྙན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཕུའུ་ཏིང་གི་ཇ་ལོ་དཀར་པོ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཇ་ལོ་དཀར་པོ་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་ཅིང་། མིག་སྔའི་བར། ཕུའུ་ཏིང་གྲོང་ཁྱེར་དུ་ཇ་ལོ་དཀར་པོ་ལས་རིགས་ཀྱི་ཁེ་ལས་545ཡོད་པ་དང་། ཇ་ཐོན་ལས་ཀྱིས་སྤྱི་ཚོགས་ལ་ལས་ཞུགས་ལས་གནས་ཁྲི་8ལྷག་ཙམ་མཁོ་འདོན་བྱས་པ་མ་ཟད། ཇའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་ཕུའུ་ཏིང་གྲོང་ཁྱེར་ཡོངས་སུ་ཇ་ཞིང་རྒྱ་ཁྱོན་མུའུ་ཁྲི་21.5ཟིན་ནས་ཇ་ལོ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་2.27དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་35བྱུང་ཞིང་། གོང་གི་པར་རིས་ནི་ཕུའུ་ཅན་རུའེ་ཏ་ཇ་ལས་ཚད་ཡོད་ཀུང་སིའི་ལས་བཟོས“ཕུའུ་ཏིང་གི་ཇ་ལོ་དཀར་པོ”བག་ལེབ་ལ་ཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།