འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ནགས་དབང་གཏའ་འཇོག་དངུལ་བུན་ཐོག་མ་བཏང་བ།

    ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ནགས་ལས་ཀྱི་མ་འཇོག་དཀའ་གནད་བསལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ནགས་དབང་གཏའ་འཇོག་དངུལ་བུན་ཐོག་མ་ལྷོ་ཁ་དཔལ་འབྱོར་སྐྱེད་ཚལ་སྔོ་འགྱུར་འཛུགས་སྐྲུན་ཚད་ཡོད་ཀུང་སི་སྡོང་ཕྲུག་ཐོན་སྐྱེད་རྟེན་གཞིར་བཏང་བ་རེད།
          “དཔལ་འབྱོར་སྡོང་ཕྲུག་ནགས་དབང་གཏའ་འཇོག་དངུལ་བུན་ཚོད་ལྟ་ཡག་པོ་བྱུང་ནས་ཡུལ་དེའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་དང་གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་དཔེ་སྟོན་དང་དྲིལ་བསྒྲགས་ནུས་པ་ཐོན་ཡོད”དངུལ་རྩས་ས་གནས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་ཐོན་རྫས་གསར་པ་ཞིག་ཡིན་པའི་ནགས་དབང་གཏའ་འཇོག་དངུལ་བུན་ནི་བོད་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ནགས་ལས་ཀྱི་མ་འཇོག་དཀའ་གནད་སེལ་བའི་བྱ་ཐབས་ནུས་ལྡན་ཞིག་རེད་ཅེས་ལྷོ་ཁ་གྲོང་ཁྱེར་ནགས་ལས་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཡུས་ལིས་བཤད་པ་རེད།
         “ལོ་13གོང་དེར་ཐང་སྟོང་ཡིན་པས་བྱེ་རླུང་ལྡང་ཤུགས་ཆེ་བ་མ་ཟད། ལམ་ངོས་ཀྱང་རྟག་ཏུ་བྱེ་མས་ཁེངས་ནས་རླངས་འཁོར་འགྲོ་སྐྱོད་ཁག་པོ་ཡོད”2004ལོ་ནས་བཟུང་ངས་གྲ་ནང་རྫོང་གྲ་ཕྱི་ཤང་ཚོང་འདུས་གྲོང་ཚོ་དང་མོན་མཁར་རོང་གྲོང་ཚོའི་བར་གྱི་ཐང་སྟོང་ལ་སྡོང་ཕྲུག་རྟེན་གཞི་གྲབས་འཛུགས་བྱས་པ་དང་2005ལོར་ལྗང་གསོ་དང་སྦྱར་ག་རྒྱག་འགོ་བཙུགས་པ་ཡིན་ཞེས་ཀུང་སི་དེའི་ཏུང་ཧྲི་ཀྲང་དཔལ་འབྱོར་གྱིས་གསར་འགོད་པར་བཤད།
         མིག་སྔར་སྡོང་ཕྲུག་གི་སྤྱིའི་རྒྱ་ཁྱོན་ལ་མུའུ་450ཟིན་པ་དང་། ལྗང་གསོའི་རྒྱ་ཁྱོན་ལ་མུའུ་400ཟིན་པ། ལོ་རེར་ཆ་སྙོམས་སྡོང་ཕྲུག་གསོན་ཚད་ཁྲི་70ཟིན་པ། ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་260ལྷག་ཙམ་ཟིན་གྱི་ཡོད། དཔལ་འབྱོར་གྱིས“རང་ལྗོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཀྱི‘ཤར་རླུང’ལ་བརྟེན་ནས་གོམ་སྟབས་རྗེས་མར་སྡོང་ཕྲུག་ཐོན་སྐྱེད་རྟེན་གཞིས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱ་རྒྱུ་མ་ཟད། སྣ་མང་ཅན་གྱི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད།
         རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་དབང་ཤིའུ་ཀེན་གྱིས་མཉམ་སྡེབ་ནགས་ས་སྤྱོད་དབང་དང་ནགས་ཤིང་བདག་དབང་སྒྱུར་བཅོས་ལས་འགན་ལེགས་སྒྲུབ་ཟིན་རྗེས་《མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར་》ལ་གཞིགས་ཏེ་གཉེར་སྐྱོང་དབང་ཆ་ལྷུག་གཏོང་དང་། ཐག་གཅོད་བྱེད་དབང་དོན་འཁྱོལ། ཁེ་འབབ་ཐོབ་དབང་འགན་ལེན་བཅས་ཀྱི་ཐད་སྒྱུར་བཅོས་གཏིང་ཟབ་བམ་ཡང་ན་ལེ་ལག་ཚང་བའི་སྒྱུར་བཅོས་བྱ་རྒྱུ་རེད། 2020ལོར་སླེབས་སྐབས“བདག་དབང་གཏོགས་ཡུལ་ཁ་གསལ་བ་དང་། གཉེར་སྐྱོང་བྱེད་པོ་གནད་ལ་འཁེལ་བ། འགན་འཁྲི་ཁག་བགོས་ཁ་གསལ། ཁེ་ཕན་འགན་ལེན་ནན་པོ། བརྒྱུད་བཤུག་ཚད་ལྡན་དང་གོ་རིམ་ལྡན་པ། ཞབས་ཞུ་ལྟ་སྡོམ་ནུས་ལྡན”བཅས་ཀྱི་དེང་རབས་ནགས་ལས་བདག་དབང་ལམ་ལུགས་གཞི་རྩའི་ཆར་ཆགས་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།