འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་དགུ་ཡིས་2016ལོའི་ལོ་འཁོར་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལ་དཔྱད་
    ཞིབ་ནན་ཤོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 《ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལ་དཔྱད་ཞིབ་བྱ་ཐབས་ནན་ཤོས་པར་འགྲེམས་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི》བླང་བྱར་གཞིགས་ནས། ཉེ་ཆར་ཆུ་བེད་པུས་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་9དང་མཉམ་དུ་དཔྱད་ཞིབ་ལས་དོན་ཚོགས་ཆུང་བཙུགས་ནས་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་2016ལོའི་ལོ་འཁོར་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་ཞིབ་ནན་ཤོས་བྱས་པ་རེད།
          ད་ཐེངས་ཀྱི་དཔྱད་ཞིབ་ནང་གཤམ་གསལ་གྱི་གནས་ཚུལ་རིགས་3ཐོན་ཚེ“སྤ་སེ་གཅིག་གིས་ཁྲ་སློག་པའི་ལམ་ལུགས”ལག་ལེན་བསྟར་རྒྱུ་ཡིན་པ་སྟེ། དཔྱད་ཞིབ་གྲངས་གཞིའི་ཡིག་ཆ་གོང་ཞུ་བྱེད་སྐབས་རྫུན་བཟོ་བྱས་རིགས། འཐུང་ཆུའི་ཆུ་འགོའི་ཁུལ་གལ་ཆེན་དུ་སྦགས་བཙོག་དོན་རྐྱེན་ཐོན་ནས་ཐག་གཅོད་ཡག་པོ་མ་བྱུང་བས་ཆུ་མཁོ་འདོན་བདེ་འཇགས་ཐད་ཤུགས་རྐྱེན་ཚབས་ཆེན་བཟོས་རིགས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལས་འགལ་ཏེ་ཆུ་མང་ཉུང་གི་ཚད་གཞི་བསྒྱུར་བའི་འཆར་གཞི་ལག་ལེན་མ་བསྟར་བ་དང་གནས་ཚུལ་ཚབས་ཆེ་བ་སོགས་ལོ་འཁོར་གྱི་དཔྱད་ཞིབ་བྱས་འབྲས་ཚད་མི་ལོན་པའི་རིགས་བཅས་རེད། དཔྱད་ཞིབ་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་གཏན་འཁེལ་བྱས་རྗེས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་ཀྲུང་དབྱང་རྩ་འཛུགས་པུའུ་ལ་གོང་ཞུ་བྱས་ནས་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་བ་དང་ཆུ་བེད་པུས་དེ་ཞིང་ཆེན་ཁག་གི་ཆུ་བེད་འཛུགས་སྐྲུན་མ་དངུལ་བཀོད་སྒྲིག་བྱེད་པའི་རྒྱུ་རྐྱེན་གལ་ཆེན་དུ་བརྩི་རྒྱུ་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དཔྱད་ཞིབ་ལས་དོན་སྤེལ་ཤུགས་དེ་སྔ་དང་བསྡུར་ན་ཆུང་དུ་ཕྱིན་ཡོད། ལོ་འཁོར་གྱི་བརྡ་ཐོའི་རྣམ་པའི་ཐོག་ནས་2016ལོའི་ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་གྱི་བླང་བྱ་གསལ་བཟོ་བྱས་པ་དང་། ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་ཇུས་གཞི་སླར་ཡང་པར་འགྲེམས་མི་བྱེད་རྒྱུ། ས་གནས་ས་ཐོག་གི་ཞིབ་བཤེར་བརྒྱུད་རིམ་སྔར་བས་སྟབས་བདེར་བཏང་བ། ཞིབ་བཤེར་དུས་ཚོད་སྔར་བས་ཐུང་དུ་བཏང་བ། ཞིབ་བཤེར་ནང་དོན་ལ་དམིགས་སའི་རང་བཞིན་སྔར་བས་ཆེན་པོ་ལྡན་པ་བཅས་རེད། སྐར་གྲངས་དཔྱད་བསྡུར་ནང་དོན་དང་དམིགས་ཚད་སྔར་བས་ཁུ་བསྡུ་བྱས་ནས་ཆུའི་ཐོན་ཁུངས་དོ་དམ་དང་། རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར། སྡེ་ཚན་དབར་ལས་བགོས་རོགས་རེས། སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་སོགས་ཀྱི་བླང་བྱ་མངོན་གསལ་དོད་པོ་ཡོང་བ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།