འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་དུས་ཆེན་དང་གུང་གསེང་ཉིན་མོར་ལུས་རྩལ་དམངས་ཕན་
    འཆར་གཞི་ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་ནས་ལུས་རྩལ་རྣམ་གྲངས་ཀྱི་མཐུན་ཚོགས་ཁག་ལ་ལུས་རྩལ་དམངས་ཕན་འཆར་གཞི་ལག་ལེན་བསྟར་རིང་རིམ་པ་ཁག་དང་རིགས་ཁག་གི་ལུས་རྩལ་འགྲན་བསྡུར་དེ་དུས་ཆེན་དང་གུང་གསེང་ཉིན་མོར་བཀོད་སྒྲིག་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། འདས་མ་ཐག་པའི“ལྔ་གཅིག”ངལ་གསོའི་རིང་ལུས་རྩལ་འགྲན་བསྡུར་30ཙམ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གཉེར་བ་དང་། དེའི་ནང་རྒྱལ་ཡོངས་ཀྱི་རི་ཁུལ་རྐང་འཁོར་མཐའ་བསྡུར་དང་རྒྱལ་ཡོངས་ལུས་སྦྱོང་ལེགས་སྐྱེས་འགྲན་བསྡུར་སོགས་གལ་ཆེའི་འགྲན་བསྡུར་མང་པོ་ཚུད་ཡོད་པ་རེད།
         རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་བྱེད་ཐབས་དེ་ནི་མི་དམངས་མང་ཚོགས་ཚོས་དུས་ཆེན་དང་གུང་གསེང་ཉིན་མོར་ལྟད་མོ་ཆེ་ལ་ཆུ་ཚད་མཐོ་བའི་ལུས་རྩལ་འགྲན་བསྡུར་ལྟ་ཐུབ་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྤེལ་ཐུབ་པའི་སྐུལ་ཁྲིད་བྱས་ནས་མི་དམངས་མང་ཚོགས་ལ་ལུས་རྩལ་ལས་བྱུང་བའི་དགའ་སྤྲོ་དང་བདེ་སྐྱིད་ཚོར་ཐུབ་པ་བྱ་ཆེད་ཡིན་པ་རེད།
         དེའི་རྗེས་སུ་འགྲན་བསྡུར་བརྒྱ་ཙམ་ལྔ་པའི་ཚེས་ལྔའི་དུས་ཆེན་དང་། རྒྱལ་སྟོན། ཟླ་མཆོད་དུས་ཆེན། 2018ལོའི་གནམ་ལོ་གསར་ཚེས། དཔྱིད་གསར་དུས་ཆེན་བཅས་རིང་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།