འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲིམས་འཛིན་པུས་ཐའེ་དབན་ལ་ཁྲིམས་ལུགས་ཞབས་ཞུའི་སྒོ་དབྱེ་བྱེད་ཚད་སྔར་བས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་དུས་ཁྲིམས་འཛིན་པུས་ཐའེ་དབན་ལ་ཁྲིམས་ལུགས་ཞབས་ཞུའི་སྒོ་དབྱེ་བྱེད་ཚད་སྔར་བས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ནས་སྲིད་ཇུས་ཁག་3བཏོན་པ་སྟེ། གཅིག་ནས་ཐའེ་དབན་ཁྲིམས་རྩོད་པའི་ལས་དོན་ཁང་གིས་སྐམ་ས་ཆེ་མོར་བཙུགས་པའི་ལས་ཚབ་ཁྲུའི་ས་ཁོངས་ཁྱབ་རྒྱ་ད་ལྟའི་ཕུའུ་ཅན་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་དང་ཞ་མོན་གྲོང་ཁྱེར་ནས་ཕུའུ་ཅན་ཞིང་ཆེན་ཡོངས་དང་། ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་བར་རྒྱ་སྐྱེད་གཏོང་རྒྱུ་དང་། གཉིས་ནས་སྐམ་ས་ཆེ་མོར་ལས་ཚབ་སྒྲིག་གཞི་བཙུགས་ཆོག་པ་མ་ཟད། ད་དུང་ལས་ཚབ་སྒྲིག་གཞི་བཙུགས་ནས་ལོ་3སོང་བའི་ཐའེ་དབན་ཁྲིམས་རྩོད་པའི་ལས་དོན་ཁང་གིས་ལས་ཚབ་སྒྲིག་གཞི་གནས་སའི་ཕུའུ་ཅན་ཞིང་ཆེན་དང་། ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་དང་སྐམ་ས་ཆེ་མོའི་ཁྲིམས་རྩོད་པའི་ལས་དོན་ཁང་དང་མཉམ་འབྲེལ་ལས་གཉེར་བྱེད་ཆོག གསུམ་ནས་ཕུའུ་ཅན་ཞིང་ཆེན་དང་། ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་གིས་ཐའེ་དབན་གྱི་ལས་གཉེར་ཁྲིམས་རྩོད་པ་ཁྲིམས་རྩོད་པའི་ལས་དོན་ཁང་གི་བཅས་ཁྲིམས་བློ་འདྲིར་གདན་ཞུ་བྱས་ནས་ཐའེ་དབན་ས་ཁུལ་ལ་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་ཆོག་པ་བཅས་རེད།
          ཁྲིམས་འཛིན་པུའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2010ལོར་སྐམ་ས་ཆེ་མོ་ཕྱོགས་ཀྱིས་ཐའེ་དབན་ས་ཁུལ་གྱི་ཁྲིམས་རྩོད་པའི་ལས་དོན་ཁང་གིས་ཕུའུ་ཀྲོའུ་དང་ཞ་མོན་གྲོང་ཁྱེར་གཉིས་སུ་ལས་ཚབ་ཁྲུའུ་འཛུགས་ཆོག་པའི་ཚོད་ལྟ་བྱས་པ་དང་མིག་སྔར་ལས་དོན་ཁང་10འཛུགས་ཆོག་པའི་ཆོག་མཆན་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།