འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། 2017ལོའི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་དང་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཁྲེན་ཁྲང་ཀྲེ་བྱེད་སྒོར་ཞུགས་པ་དང་འབྲེལ་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལུའུ་ཧའོ་ཡིས་འདི་ལོའི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱིས“སྣོད་བཅུད་ཤེས་དཔལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་། མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་ནས་ཁོར་ཡུག་ཐོན་ཁུངས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་དམིགས་ཏེ་ཆེད་དོན་དྲིལ་བསྒྲགས་བྱ་རྒྱུ་རེད། བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་དྭངས་གཙང་དྲོད་ལེན་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྐོར་དང་། སྲ་གཟུགས་ཟོག་རོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གད་སྙིགས་རིགས་དབྱེ་ལམ་ལུགས་རྒྱ་ཁྱབ་ངང་ལག་བསྟར་བྱེད་པའི་སྐོར། ཆུར་སྦགས་བཙོག་བཟོ་རྒྱུ་འགོག་བཅོས་བྱ་རྒྱུར་ཁྲིམས་ལྟར་སྐུལ་འདེད་བཏང་སྟེ་བདེ་འཇགས་འཐུང་ཆུ་འགན་ལེན་བྱེད་པའི་སྐོར། བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་དང་ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྲིག་སོགས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གནས་ཚུལ་གཙོ་གནད་ཐོག་བཅར་འདྲི་འཕྲིན་སྤེལ་བྱེད་པ་དང་ཐོབ་པའི་གྲུབ་འབྲས་གཙོ་བོ་དང་དཔེ་མཚོན་ཉམས་མྱོང་འཕྲིན་སྤེལ་བྱ་རྒྱུ་ཡིན་ལ། ལྷག་པའི་གནད་དོན་ལ་གཡོལ་གྱི་མིན་ཞེས་ངོ་སྤྲོད་བྱས།
         ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་དྲིལ་བསྒྲགས་བྱེད་སྒོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱིས་སྣེ་ཁྲིད་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁོར་ཡུག་སྲུང་སྐྱོང་པུའུ་སོགས་སྡེ་ཚན་14ཡིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།