འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད་
    དགོས་པའི”གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་བུད་མེད་དྲ་དམངས་ཕོན་ཆེན་ལ“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད་དགོས་པའི”གྲོས་འགོ་བཏོན་ཏེ་རྒྱ་ཆེའི་བུད་མེད་དྲ་དམངས་ཚོས་དྲ་ཐོག་ཏུ་དྲང་ནུས་དར་སྤེལ་གཏོང་བ་དང་དྲ་རྒྱའི་ཁོར་ཡུག་གཙང་མའི་ནང་བུད་མེད་ཀྱིས“གནམ་ཕྱེད་ཀ་འདེགས་པའི”ནུས་པ་ཡག་པོ་བཏོན་ཏེ་ལག་གདང་སྦྲེལ་ནས་དྲ་རྒྱའི་ཁོར་ཡུག་གཙང་མ་མཉམ་དུ་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད།
          བསྡོམས་རྩིས་གསར་ཤོས་ལ་གཞིགས་ན། རང་རྒྱལ་དུ་དྲ་དམངས་དུང་ཕྱུར་7.31ཡོད་པའི་ཁྲོད་བུད་མེད་ཀྱིས་47.6%བཟུང་ནས་དུང་ཕྱུར་3.48ཟིན་ཡོད། ཚེས་5ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་པེ་ཅིང་དུ་གཉེར་བའི“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད་དགོས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་སུང་ཤིའུ་ཡན་གྱིས་རྒྱ་ཆེའི་བུད་མེད་རྣམས་ཀྱིས་དྲ་རྒྱའི་ཤེས་དཔལ་བྱང་ཚད་ལེགས་སུ་ཧུར་ཐག་བཏང་ནས་དྲ་རྒྱར་ཞུགས་སྐབས་ཁྲིམས་སྲུང་བའི་གོམས་གཤིས་འཇགས་པ་དང་། དྲ་རྒྱར་ཞུགས་སྐབས་ཀྱི་དགོས་ངེས་ཀྱི་འགོག་སྲུང་རྩལ་ནུས་ཁོང་དུ་ཆུད་པ། བྱ་སྤྱོད་ངོ་མའི་ཐོག་ནས་བུད་མེད་དྲ་དམངས་ཡག་པོ་ཞིག་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་ཉེ་ཆར་བརྡ་ཐོ་བཀྲམས་ཏེ“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད་དགོས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་དང་། བུད་མེད་ཀྱི་དྲ་རྒྱའི་བྱང་ཚད་སློབ་གསོ་དང་གསོ་སྦྱོང་དང་དེ་བཞིན་ཕུལ་བྱུང་བུད་མེད་ཀྱི་དྲ་རྒྱའི་རིག་གནས་ཐོན་རྫས་བསྡུ་རུབ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རིམ་པས་གཉེར་རྒྱུ་མ་ཟད། བུད་མེད་ཀྱི་དྲ་དམངས་ཡག་པོའི་ཚད་གཞི་ཡང་བཟོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།