འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་བ།

    རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་གྱི་ཆུ་ཚོད་14ཡི་ཐོག་རང་རྒྱལ་གྱིས་རྒྱལ་སྤྱིའི་འཕུར་སྐྱོད་དང་འཚམ་པའི་ཚད་གཞི་གསར་ཤོས་ལ་གཞིགས་ཏེ་ཞིབ་བཟོ་བྱས་པའི་དམངས་སྤྱོད་གནམ་གྲུ་སྟེ། C919རྟགས་ཅན་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཐོག་མ་དེ་ཧྲང་ཧའེ་རུ་འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་ཡོད། C919རྟགས་ཅན་གྱི་གནམ་གྲུ་འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་བ་དེ་ཐོག་ནས་ཀྲུང་གོས་དམངས་སྤྱོད་གནམ་གྲུའི་ལག་རྩལ་གཅིག་སྡུད་ངང་ཚད་བརྒལ་ཐུབ་སྟེ་རང་རྒྱལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཕེལ་རྒྱས་ཀྱི་སྲོག་ཤིང་ནུས་པ་ཆགས་ནས་འཛམ་གླིང་ཐོག་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཞིབ་བཟོ་བྱེད་པའི་ནུས་པ་ལྡན་པའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་སུ་གྱུར་པ་མཚོན་པ་རེད།
            C919རྟགས་ཅན་གྱི་གནམ་གྲུ་འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་བ་དེ་ཐོག་ནས་རང་རྒྱལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ཞིབ་བཟོ་ཚོད་འཕུར་དང་ཚོད་འཕུར་ར་སྤྲོད་ཀྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། C919རྟགས་ཅན་གྱི་གནམ་གྲུ་ཞིབ་བཟོ་བྱེད་རིང་ཚོད་ལྟའི་གནམ་གྲུ་6ཚོད་འཕུར་བྱ་རྒྱུ་ཡིན་ཞིང་། ཚོད་འཕུར་གནམ་གྲུ་གཉིས་པ་དེ་འདི་ལོའི་ལོ་སྨད་དུ་འཕུར་ཐེངས་དང་པོ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
            C919རྟགས་ཅན་གྱི་གནམ་གྲུ་དེ་མཁའ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་འཕེལ་ཕྱོགས་གཙོ་བོའི་རྐུབ་སྟེགས་150རིམ་པའི་མཁའ་ལམ་རྐྱང་པའི་ཁྲོམ་ར་དང་། གཞི་རྩའི་རྣམ་པའི་མཉམ་འདྲེས་བཀོད་པའི་རྐུབ་སྟེགས་158 གོང་ཁེའི་ཚང་ཧྲིལ་པོར་རྐུབ་སྟེགས་168 ཚད་ལྡན་མཁའ་འགྲུལ་ལམ་ཚད་སྤྱི་ལེ་4075ཟིན་པ། མཁའ་འགྲུལ་ལམ་ཚད་སྤྱི་ལེ་5555རིང་དུ་བཏང་བ་བཅས་ཀྱི་འཆར་འགོད་བྱས་ཡོད། མིག་སྔར་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ལ་རྒྱལ་ཁབ་ཕྱི་ནང་གི་མཁའ་འགྲུལ་ཀུང་སི་23གྱི་མངགས་ཐོ་570རག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།