འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྐད་རིགས་ཆུང་གྲས་ཀྱི་བོད་སྐྱོར་ཡུལ་སྐོར་སྣེ་ཤན་པས་བོད་དུ་ཡུལ་སྐོར་བྱེད་མང་བའི་སྐབས་
    ཀྱི་དཀའ་གནད་བསལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་23ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་(ཐད་གཏོགས་གྲོང་ཁྱེར་དང་རང་སྐྱོང་ལྗོངས)23གྱིས་མཚམས་སྦྱོར་བྱས་པ་དང་བོད་ལྗོངས་ཡུལ་སྐོར་ཁེ་ལས་ཀྱིས་རང་འདེམས་བྱས་པའི་སྐད་རིགས་ཆུང་གྲས་ཀྱི་ཡུལ་སྐོར་སྣེ་ཤན་པ་49ལས་གནས་ཐོག་བསྐྱོད་དེ་2017ལོའི་ཁག་བཅོ་ལྔ་པའི་ཡུལ་སྐོར་སྣེ་ཤན་པའི་བོད་སྐྱོར་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཁག་བཅོ་ལྔ་པའི་བོད་སྐྱོར་ཡུལ་སྐོར་སྣེ་ཤན་པའི་ཁྲོད་ཕྱི་རྒྱལ་གྱི་སྐད་རིགས་7ཚུད་ཡོད། དེའི་ནང་དབྱིན་ཇིའི་སྐད་ཀྱི་ཡུལ་སྐོར་སྣེ་ཤན་པ་19དང་། འཇར་མན་སྐད་ཀྱི་ཡུལ་སྐོར་སྣེ་ཤན་པ་8 ཧྥ་རན་སེའི་སྐད་ཀྱི་ཡུལ་སྐོར་སྣེ་ཤན་པ་4 ཨུ་རུ་སུའི་སྐད་ཀྱི་ཡུལ་སྐོར་སྣེ་ཤན་པ་6བཅས་ཡོད་པ་དང་། གཞན་ཡང་ད་དུང་སི་ཕེན་གྱི་སྐད་དང་། རི་པིན་གྱི་སྐད། ཨ་རབ་ཀྱི་སྐད་སོགས་སྐད་རིགས་ཆུང་གྲས་ཀྱང་ཡོད་པ་རེད།
           བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འགན་ཁུར་བས། ཡུལ་སྐོར་སྣེ་ཤན་པའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་14སོང་ཚུན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་27དུ་རིམ་རྩིས་བརྒྱབ་ན་ཡུལ་སྐོར་སྣེ་ཤན་པ་751དེའི་ཁྲོད་ཞུགས་ཏེ་བོད་དུ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་སུ་སྐད་རིགས་ཆུང་གྲས་ཀྱི་ཡུལ་སྐོར་སྣེ་ཤན་པ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་དང་བོད་ཀྱི་ཡུལ་སྐོར་སྣེ་ཤན་དཔུང་ཁག་གི་བྱང་ཚད་མཐོ་རུ་འགྲོ་རྒྱུར་གསོན་ཤུགས་གསར་པ་བསྣན་པ་མ་ཟད། བོད་ཀྱི་ཡུལ་སྐོར་ཁེ་ལས་དང་ནང་སའི་དབར་སྤེལ་རེས་བྱ་རྒྱུར་ཡང་སྐུལ་འདེད་ཐུབ་ནས་བོད་ཀྱི་ཡུལ་སྐོར་ཁྲོམ་ར་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད་ཅེས་བཤད་པ་རེད།
           བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སིའི་འགན་ཁུར་བས། བོད་དུ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་སླེབས་སྐབས་སྐད་རིགས་ཆུང་གྲས་ཀྱི་ཡུལ་སྐོར་སྣེ་ཤན་པ་ཧ་ཅང་མཁོ་པོ་ཡོད། སྐད་རིགས་ཆུང་གྲས་ཀྱི་བོད་སྐྱོར་ཡུལ་སྐོར་སྣེ་ཤན་པ་དུས་ཐོག་ཏུ་དེའི་ནང་ཞུགས་པ་དེས་སྐད་རིགས་དེ་དག་ཐད་ཀྱི་ཡུལ་སྐོར་སྣེ་ཤན་པ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ཡོད། བོད་སྐྱོར་ཡུལ་སྐོར་སྣེ་ཤན་པས་ང་ཚོའི་ཁེ་ལས་ཀྱི་ཡུལ་སྐོར་སྣེ་ཤན་པའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་རོགས་རམ་ཐུབ་ནས་ད་ཆ་ཁེ་ལས་ཀྱི་སྐད་རིགས་ཆུང་གྲས་ཀྱི་ཡུལ་སྐོར་སྣེ་ཤན་པའང་ཇེ་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།