འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གཞི་རིམ་གྱི་བོད་ལུགས་གསོ་ རིག་དང་བོད་སྨན་ཞབས་ཞུའི་ ཁྱབ་རྒྱ་ཆེ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་23ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་དུ་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་2016ལོའི་ལོ་མཇུག་བར་བོད་ཀྱི་རྫོང་རིམ་པའི་བོད་ལུགས་སྨན་ཁང་2012ལོའི་20ནས་42བར་འཕར་བ་དང་2016ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཚད་དེ་ཁག་སོ་སོར་2012ལོའི་71%དང་15%ནས་89%དང་30%བར་མཐོ་རུ་ཕྱིན་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་གིས་བོད་ལ་མ་དངུལ་སྒོར་དུང་ཕྱུར་2.1བཏང་ནས་རྫོང་རིམ་པའི་བོད་ལུགས་སྨན་ཁང་22གསར་སྐྲུན་བྱས་པ་དང་ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་ནང་ནས་དངུལ་སྒོར་ཁྲི་2060བཏང་ནས་ཤང་གྲོང་འཕྲོད་བསྟེན་ཁང་206དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་བོད་ལུགས་སྨན་ཁང་བསྐྲུན་པར་བརྟེན་གཞི་རིམ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ཆ་རྐྱེན་དང་ནད་བཅོས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
          བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ཀྱི་བརྟག་ཞིབ་པ་བདེ་སྐྱིད་ཀྱིས་2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་100%ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་ལྡན་པ་བྱ་རྒྱུ་དང་གྲོང་ཚོའི་འཕྲོད་བསྟེན་ཁང་100%ཡིས་བོད་ལུགས་གསོ་རིག་དང་བོད་སྨན་ནམ་ཡང་ན་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཕྱོགས་བསྡུས་སྨན་བཅོས་ཞབས་ཞུ་ཐུབ་པ་བྱ་རྒྱུ་རེད། 80%ཡན་གྱི་ཤང་གྲོང་འཕྲོད་བསྟེན་ཁང་དང་100%ཡི་སྡེ་ཁུལ་འཕྲོད་བསྟེན་ལྟེ་གནས་སུ་བོད་ལུགས་སྨན་ཁང་སོགས་ཕྱོགས་བསྡུས་ཞབས་ཞུའི་ཁུལ་བསྐྲུན་ཡོད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བོད་ལུགས་སྨན་ཁང་གིས་ནད་བཅོས་བྱེད་ཚད་དེ་གཞི་རིམ་སྨན་བཅོས་སྒྲིག་གཞིའི་ནད་བཅོས་ཀྱི་སྤྱིའི་བསྡུར་ཚད་ཀྱི་35%ཡན་བཟུང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།