འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ན་ནིང་ཕྱི་ནས་ཡོང་བའི་གནོད་ལྡན་སྐྱེ་དངོས་ ཐེངས་ཁྲི་
    122ཞིབ་བཤེར་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་23ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། རང་རྒྱལ་གྱི་སྐྱེ་དངོས་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། 2016ལོར་རང་རྒྱལ་དུ་ཡོང་སའི་ས་མཚམས་ཀྱི་འགག་སྒོ་ནས་ཕྱི་ནས་ཡོང་བའི་གནོད་ལྡན་སྐྱེ་དངོས་རིགས་6305དང་ཐེངས་ཁྲི་122ཞིབ་བཤེར་ཐུབ་ཅིང་། རིགས་སྣ་ལོ་གོང་མ་ལས་1.8%འཕར་བ་དང་ཞིབ་བཤེར་ཐུབ་ཚད་ལོ་གོང་མ་ལས་15.97%འཕར་བའི་ནང་ནད་ཡམས་བརྟག་ཞིབ་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་རིགས་360ཡོད་ཅིང་། ནད་ཡམས་བརྟག་ཞིབ་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་རིགས་29ཐོག་མར་ཞིབ་བཤེར་ཐུབ་པ་དང་། སྦྲག་བསྐུར་དངོས་པོར་ཞིབ་བཤེར་བྱས་པ་བརྒྱུད་ས་མཚམས་ནང་འཁྱེར་མི་ཆོག་པའི་དངོས་རིགས་ཁག་ཐེངས་ཁྲི་58.3ཞིབ་བཤེར་ཐུབ་པ་དེ་ལོ་གོང་མ་ལས་16.87%འཕར་བ་དང་། དེའི་ཁྲོད་ནས་གནོད་ཅན་སྐྱེ་དངོས་ཁག་ཐེངས་ཁྲི་8ལྷག་ཙམ་ཞིབ་བཤེར་ཐུབ་པ་དེ་ལོ་གོང་མ་ལས་27.87%འཕར་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་སྔ་རྗེས་སུ་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཁུལ་78དབར་ས་མཚམས་ནས་འགྲོ་འོང་སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་བརྟག་ཞིབ་སྐོར་གྱི་མཉམ་ལས་ལམ་སྲོལ་བཟོས་པ་དང་། ཕྱིར་གཏོང་ནང་འདྲེན་བྱེད་པའི་ཞིང་ལས་ཐོན་རྫས་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་གྲོས་མཐུན་ཡི་གེ་དང་གྲོས་དོན་ཡི་གེ་རབ་དང་རིམ་པ་བཞག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།