འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཚོ་བའི་ནང་ཁྱབ་པ་བྱས་པའི་སྐོར་
    གྱི་ས་གནས་ས་ཐོག་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཁྲེང་ཏུར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་23ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཚོ་བའི་ནང་ཁྱབ་པ་བྱས་པའི་སྐོར་གྱི་ས་གནས་ས་ཐོག་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡོངས་སུ་ཁྱབ་པ་དང་། ཟུང་འབྲེལ་དམ་ཚགས་བྱ་རྒྱུ། གནས་ཚུལ་ཞིབ་ཕྲར་སྣང་ཆེན་བྱ་རྒྱུ་དང་། བྱ་བ་ཆུང་ས་ནས་དམ་འཛིན་བྱ་རྒྱུ། དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ། ལྟེ་བའི་རིན་ཐང་ལྟ་བ་རྒྱུན་གཏན་ཅན་དང་། ཞིབ་ཕྲ་ཅན། གཟུགས་བརྙན་ཅན། འཚོ་བ་ཅན་བཅས་སུ་འགྱུར་བར་བྱས་ནས་མི་རྣམས་ཀྱིས་སྔར་བས་ཤེས་ཚོར་ཐུབ་པ་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བའང་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
           ཚོགས་འདུའི་ཐོག་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དང་། ཅིན་ཅང་ཆུས། ཝུའུ་ཧའུ་ཆུས་ཝང་ཅང་ལམ་སྲང་ལམ། ཀུང་རྫོང་རྫོང་ཨུད་དྲིལ་བསྒྲགས་པུའུ། པེ་ཅིང་ཇ་ཕོར་ཆེན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི། ཅང་སུའུ་ཞིང་ཆེན་ཅང་དབྱིང་གྲོང་ཁྱེར་ཧྭ་ཤིས་གྲོང་ཚོ། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ལའོ་ཧྲན་མཛེས་ལྗོངས་དོ་དམ་ཁུལ། ཁྲུང་ཆིང་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་སོ་སོས་ཉམས་མྱོང་དང་བྱེད་སྟངས་ངོ་སྤྲོད་བྱས་པ་རེད།
           ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་མཐོང་ཆེན་གྱིས་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཀོད་ནས། ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་བྱ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ད་ཡོད་ལས་ཀའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཚོ་བའི་ནང་འཇུག་པར་བྱ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་རྒྱག་སར་བརྩིས་ནས། ལྟེ་བའི་རིན་ཐང་ལྟ་བ“ཁས་ལེན”ནས“ལག་ལེན”ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་དང་། “རིན་ཐང་གི་གཞི་འཛིན་ས”ནས“འཚོ་བའི་གོམས་གཤིས”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།