འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུ་ལས་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་
    སྐྱོད་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་23ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་རང་རྒྱལ་གྱི་ཟོག་འདྲེན་འཕུར་གྲུ་ཨང་དང་པོ་སྟེ་མཁའ་གྲུ་ཨང་དང་པོ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ས་ཚིགས་ནས་གྲུབ་འབྲས་ཐོན་པའི་ངང་འཕེན་གཏོང་བྱས་པ་རེད། བར་སྣང་ས་ཚིགས་ཀྱི་དགོས་མཁོ་དང་བསྟུན་ནས་ཆེད་མངགས་ཞིབ་བཟོ་བྱས་པའི་ཟོག་འདྲེན་འཕུར་གྲུ་དེས་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད་པ་རེད།
            མཁའ་གྲུ་ཨང་དང་པོ་དེས་རང་རྒྱལ་གྱི་བར་སྣང་དངོས་ཟོག་སྐྱེལ་འདྲེན་མ་ལག་གི་སྟོང་ཆ་བསྐངས་ཤིང་། རང་རྒྱལ་གྱིས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ལག་བསྟར་བྱས་ནས་ལོ་25སོང་རིང་མི་བཞུགས་འཕུར་གྲུ་གནམ་སའི་བར་དུ་འགྲོ་འོང་དང་། སྣོལ་འདུ་སྦྲེལ་མཐུད། བར་སྣང་ཚོད་ལྟ་ཁང་སོགས་ཀྱི་ལྟེ་བའི་མ་ལག་སྔ་རྗེས་སུ་བསྐྲུན་ཡོད། བར་སྣང་ཟོག་འདྲེན་མ་ལག་ནི་བར་སྣང་ས་ཚིགས་སྐྲུན་པའི་ནང་གི་འགག་རྩར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ལ། རྨང་གཞི་གལ་ཆེན་གྱི་གྲས་ཤིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།