འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཐེ་ནམ་གྱི་ཁྲོམ་རར་ཀྲུང་གོའི་སྤུས་རྟགས་བྲིན་ཁ་རྒྱུག་པ།

    ཝེ་ཐེ་ནམ་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀང་གིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་23ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            “མཁའ་རླུང་སྙོམས་ཆས། མཁའ་རླུང་སྙོམས་ཆས། དྲོད་ཚད་ཏུའུ་23 ཏུའུ་20 གྲང་པོ་ཞེ་དྲག་འདུག……”མེ་ཏི“རིག་ནུས་རྒྱལ་པོ”ཡི་ཉམས་ལེན་ལས་སྟེགས་མདུན་དུ་ཀྲུང་གོ་ཕྱོགས་ཀྱི་ལས་དོན་པས་སྐད་བརྡར་བརྟེན་ནས་མཁའ་རླུང་སྙོམས་ཆས་ལ་སྟངས་འཛིན་བྱས་པས། མེ་ཏི་ཚོགས་པ་ཝེ་ཐེ་ནམ་ཀུང་སིའི་2017ལོའི་ཐོན་རྫས་གསར་པ་འགྲེམས་སྤེལ་འདུ་ཚོགས་ཐོག་ཝེ་ཐེ་ནམ་གྱི་འཛད་སྤྱོད་པ་རྣམས་ཧང་སངས་པ་བཟོས་ཡོད། ཧ་ནོ་དབྱི་གྲོང་ཁྱེར་ཏེ་ཁྲེང་གློག་ཆས་ཀུང་སིའི་ཅིང་ལི་རོན་ཁྲུའེ་དབྱང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར“ཐོན་རྫས་འདི་དཔེ་གསར་ཞིག་རེད། ང་ཚོའི་ཀུང་སིས་སྔ་བར་ཕྱི་གསུམ་དུ་རྩེར་སོན་གྱི་མཁའ་རླུང་སྙོམས་ཆས་ཚོང་གཉེར་བྱེད་ཀྱི་ཡོད་མོད། འོན་ཀྱང་སྐད་བརྡར་བརྟེན་ནས་སྟངས་འཛིན་ཐུབ་པའི་རིག་ནུས་ཀྱི་མཁའ་རླུང་སྙོམས་ཆས་འདི་ལྟ་བུ་ང་ཚོས་མཐོང་ཐེངས་དང་པོ་ཡིན”ཞེས་བཤད།
            ཉེ་དུས་ཀྱི་ཝེ་ཐེ་ནམ་གྱི་ཁྲོམ་རར་ལྟ་ཞིབ་བྱེད་སྐབས་མེ་ཏི་ཙམ་མ་ཟད། ཨོ་པོ་དང་། ཝུའེ་ཝོ། ཧྭ་ཝུའེ། TCLསོགས་ཀྲུང་གོའི་སྤུས་རྟགས་ཀྱིས་ཝེ་ཐེ་ནམ་ཁྲོམ་རར་ཐོན་རྫས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་སྦྲགས་ཝེ་ཐེ་ནམ་གྱི་འཛད་སྤྱོད་པས་ཐོན་རྫས་དེ་དག་ལ་རིམ་བཞིན་དགའ་པོ་བྱེད་པ་མཐོང་ཐུབ།
            ཝེ་ཐེ་ནམ་གྱི་ཁྲོམ་རར་བཏོན་པའི་ཀྲུང་གོའི་སྤུས་རྟགས་མང་པོ་རིམ་བཞིན་རྩེ་གྲར་འགྱུར་བཞིན་ཡོད། ཝེ་ཐེ་ནམ་དུ་ཡོད་པའི་མེ་ཏི་ཀུང་སི་ལྟ་བུར་མཚོན་ན་ད་རེས་ཀྱི་འགྲེམས་སྟོན་ལ་སྔར་བཞིན་གློག་གི་རླུང་འཁོར་དང་གློག་གི་རླངས་རྡིག་སོགས་མཁོ་ཆེ་བའི་ཁྱིམ་སྤྱོད་གློག་ཆས་བཏོན་ཏེ་འཛད་སྤྱོད་པའི་གཞི་རྩའི་དགོས་མཁོ་སྐོང་ཐབས་བྱས་ཡོད། ཡིན་ནའང་གཙོ་བོར་འོས་སྦྱོར་བྱ་རྒྱུ་ནི་ཐོན་རྫས་ཀྱི་གློག་རླབས་འགྱུར་ཚད་དང་། སྐད་བརྡར་བརྟེན་ནས་སྟངས་འཛིན། ཟོག་འབྲེལ་དྲ་རྒྱ་སོགས་ལག་རྩལ་གསར་ཤོས་དེ་དག་རེད། “ད་རེས་ང་ཚོས་ཝེ་ཐེ་ནམ་གྱི་ཁྲོམ་རར་བཏོན་པའི་ཐོན་རྫས་ཚང་མ་མེ་ཏིའི་ཐོན་རྫས་གསར་ཤོས་ཤ་སྟག་ཡིན་པས། ཝེ་ཐེ་ནམ་གྱི་འཛད་སྤྱོད་པས་གོ་ལ་ཧྲིལ་པོའི་འཛད་སྤྱོད་པ་དང་འདྲ་བར་མེ་ཏི་ཚོགས་པའི་ཐོན་རྫས་གསར་ཤོས་སྤྱད་པ་རེད་ཅེས་བརྗོད་ཆོག”ཅེས་མེ་ཏི་ཚོགས་པའི་ཝེ་ཐེ་ནམ་བྲིན་ཚོང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེང་ལིང་ཀྲེས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད།
           ཧ་ནོ་དབྱི་གྲོང་ཁྱེར་ཀོང་ཡུང་གློག་ཆས་ཀུང་སིའི་ཅིང་ལི་ཏེང་ཧྲི་ཆིའུ་ཧྲུའེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར“ང་ཚོའི་ཀུང་སིས་རི་པིན་དང་། ཧན་གོ ཀྲུང་གོ་སོགས་ཀྱི་སྤུས་རྟགས་མང་པོ་ཞིག་གི་ཁྱིམ་སྤྱོད་གློག་ཆས་འཚོང་གི་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཝེ་ཐེ་ནམ་གྱི་ཁྲོམ་རར་སྔར་བས་མཐོང་ཆེན་བྱས་ཏེ་ཝེ་ཐེ་ནམ་གྱི་ཁྲོམ་རར་ཐོན་རྫས་གསར་པ་མགྱོགས་མྱུར་འདོན་གྱི་ཡོད་པས་འཛད་སྤྱོད་པས་ཁས་ལེན་བྱེད་ཚད་ཀྱང་མཐོ་རུ་སོང་བ་ངས་ཤེས་བྱུང”ཞེས་བཤད།
           མེ་ཏི་ཝེ་ཐེ་ནམ་ཀུང་སིའི་བྱང་ཕྱོགས་ཡན་ལག་ཀུང་སིའི་ཅིང་ལི་ཀའོ་ཀོན་མིང་གིས་ཝེ་ཐེ་ནམ་བྱང་ཕྱོགས་ཀྱི་ཚོང་ཁང་1000ལྷག་ཙམ་གྱི་ལས་སྒོ་སྒྲུབ་འགན་འཁུར་གྱི་ཡོད། ཁོང་གིས“ཀྲུང་གོའི་སྤུས་རྟགས་ཀྱིས་ཝེ་ཐེ་ནམ་གྱི་ཁྲོམ་རའི་སྒོ་མོ་ཕྱེ་བ་མ་ཟད། གྲུབ་འབྲས་བཟང་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་ཝེ་ཐེ་ནམ་གྱི་ཁྲོམ་རའི་དགོས་མཁོ་ཆེན་པོ་དང་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་པ་ལས་བྱུང་བ་ཞིག་རེད། ཝེ་ཐེ་ནམ་གྱི་ཚོང་པས་ཀྱང་རྒྱལ་ཁབ་གཉིས་པོའི་མཉམ་ལས་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་ཕྱིན་ནས་འཛད་སྤྱོད་པར“ཀྲུང་གོའི་ལན་པར”སྤུས་ལེགས་སྔར་ལས་མང་བ་ཉོ་རྒྱུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།