འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ལང་དཔོད་ཆུང་གིས་བྱེད་པོའི་འགན་ཡག་པོ་མ་འཁུར་བས་ཆད་པ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་གཞིར་བཟུང་། རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གི་བཀོད་སྒྲིག་ལྟར། པེ་ཅིང་གྲོང་ཁྱེར་རིག་གནས་ཁྲིམས་འཛིན་སྡེ་ཚན་གྱིས་ཤིན་ལང་དཔོད་ཆུང་ཐོག་རྒྱུན་དུ་ཁྲིམས་འགལ་བས་ཆགས་སྲེད་བརྙན་ཐུང་བརྒྱུད་བསྐུར་བྱས་རུང་ཐག་གཅོད་ཡག་པོ་མ་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཟླ་3ཚེས་28ཉིན་པེ་ཅིང་གྲོང་ཁྱེར་རིག་གནས་ཁྲོམ་རའི་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གིས་ཤིན་ལང་དཔོད་ཆུང་གཉེར་མཁན་པེ་ཅིང་ཝེ་མོང་ཁྲོང་ཁོའོ་དྲ་རྒྱ་ལག་རྩལ་ཚད་ཡོད་ཀུང་སིར་འབྲེལ་ཡོད་ཀྱི་སྲིད་འཛིན་ཆད་པ་བཅད་པ་དང་འབྲེལ་བཅོས་སྒྲིག་བྱེད་དུ་བཅུག་ཡོད།
            འདི་ལོའི་ཟླ་དང་པོ་ནས་ཟླ་གསུམ་པའི་བར“འཆལ་རྡུང་ལོག་སེལ”སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་བྱས་ནས་ཤིན་ལང་དཔོད་ཆུང་ཐོག་མི་ཉུང་ཤས་ཤིག་གིས་ཆགས་སྲེད་བརྙན་ཐུང་འབོར་ཆེན་བརྒྱུད་བསྐུར་བྱེད་པ་ཤེས་རྟོགས་བྱུང་བ་དང་། མི་ཁག་གཅིག་གིས་བརྙན་ཐུང་མུ་མཐུད་བསྐུར་ལ། དུས་ཚོད་རིང་པོ་བཞག་པས། བརྙན་ཐུང་ཁག་གཅིག་ལྟ་ཚད་སྟོང་ཕྲག་ལྷག་ཙམ་ཟིན་གྱི་ཡོད། དེར་བརྟེན་པེ་ཅིང་གྲོང་ཁྱེར་རིག་གནས་ཁྲོམ་རའི་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གིས་དྲ་རྒྱའི་ཐོག་དཔང་ལེན་དང་། རྒྱང་རིང་སྐོར་ཞིབ། ས་གནས་ས་ཐོག་ཏུ་ཞིབ་བཤེར། བརྟག་བཤེར་བློ་འདྲི་སོགས་བྱས་ཡོད། ཞིབ་བཤེར་བྱས་པ་བརྒྱུད་2015ལོའི་ཟླ་གཉིས་པ་ནས་2017ལོའི་ཟླ་གསུམ་པའི་བར་པེ་ཅིང་ཝེ་མོང་ཁྲོང་ཁོའོ་དྲ་རྒྱ་ལག་རྩལ་ཚད་ཡོད་ཀུང་སིས་《ཆ་འཕྲིན་དྲ་རྒྱའི་བརྒྱུད་བསྐུར་ལྟ་ཉན་ལེ་ཚན་གྱི་ཆོག་འཐུས་ལག་ཁྱེར་》ཐོབ་མེད་ནའང་རང་དགར་དྲ་སྦྲེལ་ལྟ་ཉན་ལེ་ཚན་གཉེར་ཡོད་ལ། དེས་གཉེར་སྐྱོང་བྱས་པར་ཤིན་ལང་དཔོད་ཆུང་ཐོག་ནས་ཆགས་སྲེད་ནང་དོན་ལྡན་པའི་དྲ་སྦྲེལ་ལྟ་ཉན་ལེ་ཚན་གཏོང་སྤེལ་གྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། པེ་ཅིང་གྲོང་ཁྱེར་རིག་གནས་ཁྲོམ་རའི་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གིས་《དྲ་སྦྲེལ་ལྟ་ཉན་ལེ་ཚན་ཞབས་ཞུ་དོ་དམ་གཏན་འབེབས་》ཀྱི་དོན་ཚན་ཉེར་བཞི་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཀུང་སི་དེར་ཐ་ཚིག་སྒྲོག་པ་མ་ཟད། སྒོར་ཁྲི་གསུམ་གྱི་སྲིད་འཛིན་ཆད་པ་བཅད་ནས་དེ་མ་ཉིད་དུ་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དུ་བཅུག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།