འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་121པའི་ཀོང་ཀྲོའུ་ཚོང་འདུས་འགོ་ཚུགས་པ།

    “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་གྲོང་ཁྱེར་ཚོང་འདུས་ཀྱི་གཙོ་གནད་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྐབས་121པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཚོང་འདུས་གོང་ཚེས་ཉིན་ཀོང་ཀྲོའུ་རུ་འགོ་ཚུགས་པ་དང་ཁག་གསུམ་གྱི་འགྲེམས་ཚོགས་ནང་རྒྱལ་ཁབ་ཕྱི་ནང་གི་ཚོང་དུད་ཁྲི་2.4ཀོང་ཀྲོའུ་ཚོང་འདུས་ནང་ཞུགས་པ་དང་སྔོན་རྩིས་བྱས་ན་འཛམ་གླིང་ས་ཕྱོགས་ཁག་གི་མཁོ་སྒྲུབ་ཚོང་པ་ཁྲི་18ལྷག་ཙམ་ཚོང་འདུས་ལ་ཡོང་རྒྱུ་ཡིན་པ་རེད།
          ཀོང་ཀྲོའུ་ཚོང་འདུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀྲུང་གོ་ཕྱི་ཕྱོགས་ཉོ་ཚོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་པིང་གིས་འདི་ལོ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གིས་ཕྱོགས་གཅིག་ནས་ན་ནིང་གི་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པའི་ཐོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཡང་མགྱོགས་མྱུར་གཅིག་ཏུ་བསྡུ་བཞིན་ཡོད། ཕྱོགས་གཞན་ཞིག་ནས་མིག་སྔའི་འཛམ་གླིང་དཔལ་འབྱོར་སླར་གསོ་འགྲོ་འགོར་བ་དང་ཁྲོམ་རའི་དགོས་མཁོ་རྦད་དེ་ལེགས་སུ་ཕྱིན་མེད་པས“གོ་ལ་ཧྲིལ་པོར་འགྱུར་བ་ལས་ལྡོག་པའི”རྣམ་པ་མངོན་གསལ་དོད་པོས་ཐོན་འགོ་ཚུགས་ཡོད། རང་རྒྱལ་གྱི་རྒྱལ་ནང་ཕྱོགས་བསྡུས་གནད་འགག་གི་མ་གནས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ཕྱི་ཕྱོགས་ཉོ་ཚོང་གི་སྲོལ་རྒྱུན་ལེགས་ཆ་རྒྱུན་ཆད་མེད་པར་ཉམས་ཞན་དུ་སོང་ནས་ཕྱི་ཕྱོགས་ཉོ་ཚོང་གི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པ་ཞིག་ཡོད་ཅེས་ངོ་སྤྲོད་བྱས།
          དེའི་རྒྱབ་ལྗོངས་འོག“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་ཁྲོམ་ར་སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་གཙོ་གནད་དུ་གྱུར་ཡོད། ཞུས་པིང་གིས་ཀོང་ཀྲོའུ་ཚོང་འདུས་ཀྱིས་སྣ་མང་ཅན་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་འགུགས་བྱེད་རྒྱ་ཆེར་གཏོང་དང་ལམ་རྒྱུད་ཀྱི་མཉམ་ལས་རོགས་ཟླ་འཕེལ་རྒྱས་ཧུར་ཐག་བཏང་བས་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་མཁོ་སྒྲུབ་ཚོང་པ་ཐད་ཀར་གདན་ཞུ་བྱེད་ཚད་དེ་སྤྱིའི་གདན་ཞུ་བྱེད་ཚད་ཀྱི་48%བཟུང་ཡོད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ནང་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཁེ་ལས་ཞུགས་ཚད་364དང་འགྲེམས་གནས་616ཟིན་པས་ནང་འདྲེན་འགྲེམས་ཁུལ་ནང་ཁེ་ལས་ཞུགས་ཚད་དང་འགྲེམས་གནས་བསྡོམས་འབོར་གྱི་58.7%དང་61.7%སོ་སོར་བཟུང་བས་དེ་གོང་གི་བསྡུར་ཚད་ལས་སྤྱིར་ན་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།