འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་མ་རྩ་སྒོར་དུང་ཕྱུར་12བཏང་ནས་ཞིང་ཁུལ་གློག་དྲ་སྒྱུར་བཀོད་བྱས་ཏེ་དབུལ་
    སྒྲོལ་འགག་སྒྲོལ་བྱེད་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གྱིས་འདི་ལོ་མ་རྩ་སྒོར་དུང་ཕྱུར་12.36བཏང་ནས་རེས་སྐོར་གསར་པའི་ཞིང་ཁུལ་གློག་དྲ་བསྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་ལེན་བསྟར་ཏེ་གྲོང་ཚོ་དབུལ་པོ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་གློག་སྤྱོད་རྒྱུ་གཙོ་གནད་ཐོག་ཐག་གཅོད་བྱེད་རྩིས་ཡོད་པ་རེད།
            “འདི་ལོ་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་གྲོང་ཚོ་དབུལ་པོ་223གྱི་ཞིང་ཁུལ་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་སྦྲགས། ས་གནས་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་459ཡི་ལེ་ལག་ཚང་བའི་གློག་འདོན་ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱེད་རྩིས་ཡོད”ཅེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་གློག་ཤུགས་འཕེལ་རྒྱས་པུའི་ཀྲུའུ་རེན་ལི་ཧའེ་ཧྥུང་གིས་བརྗོད།
            ལི་ཧའེ་ཧྥུང་གིས་ངོ་སྤྲོད་བྱས་དོན། མཚོ་སྔོན་གློག་ཤུགས་ཀུང་སིས་2016ལོ་ནས་ཞིང་ཆེན་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་1622ཀྱི་གློག་དྲའི་ད་ཡོད་ཀྱི་གནས་ཚུལ་ལ་མཐིལ་རྟོགས་བྱས་པ་དང་སྦྲགས། འབྲེལ་ཡོད་གློག་དྲའི་རྣམ་གྲངས་ཀྱི་དགོས་མཁོ་ཚང་མ་མཚོ་སྔོན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”གློག་དྲའི་འཆར་འགོད་ནང་བཅུག་པ་དང་། སྐབས་དེ་དུས་མཚོ་སྔོན་གློག་ཤུགས་ཀུང་སིས་མ་རྩ་སྒོར་དུང་ཕྱུར་8.2བཏང་ནས་གྲོང་ཚོ་261ལ་ཞིང་ཁུལ་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་པ་རེད།
           འཆར་འགོད་ལྟར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་མ་རྩ་སྒོར་དུང་ཕྱུར་30བཏང་ནས་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོར་ཞིང་ཁུལ་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་ཏེ། གཞི་རྩའི་ཆ་ནས་གློག་འདོན་ཁུལ་ཁོངས་ཀྱི་རྫོང་དབུལ་པོ་དང་གྲོང་ཚོ་དབུལ་པོའི་གློག་གནོན་དམའ་བ་དང་། གློག་འདོན་གྱི་འཇུར་མིག གྲོང་ཚོ་དབུལ་པོར་སྒུལ་ཤུགས་གློག་གཏོང་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག རེས་སྐོར་གསར་པའི་ཞིང་ཁུལ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་བརྟེན་ནས་བོད་རིགས་ས་ཁུལ་གྱི་གློག་དྲའི་གློག་འདོན་ནུས་པ་དང་གློག་འདོན་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།