འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱིས་ཞིང་པ་ལས་མིའི་འགྱངས་ཆད་བྱས་པའི་གླ་ཆ་སྒོར་དུང་ཕྱུར་5.89ལེན་
    རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་བརྡ་ཁྱབ་བཏང་གསལ། འདི་ལོའི་དུས་ཚིགས་དང་པོར་ཀོང་ཤིས་ལྗོངས་ཡོངས་ཀྱི་རིམ་ཁག་ངལ་རྩོལ་ལྟ་ཞིབ་སྡེ་ཚན་གྱིས་མི་སྤྱོད་ཚན་པ་ཁྱོན་16248ལ་ཞིབ་བཤེར་བྱས་ཏེ་འགྱངས་ཆད་བྱས་པའི་གླ་ཆ་སོགས་ཀྱི་གྱོད་གཞི་1427ཐག་གཅོད་བྱས་ནས་ཁྲིམས་འཛིན་ལས་ཁུངས་ལ་ངལ་རྩོལ་གླ་ཆ་མི་སྤྲོད་པའི་དོགས་ཡོད་གྱོད་གཞི་45རྩིས་སྤྲད་པ་དང་། ཞིང་པ་ལས་མི་ཁྲི་4.24ཡི་འགྱངས་ཆད་བྱས་པའི་གླ་ཆ་སྒོར་དུང་ཕྱུར་5.89ལེན་རོགས་བྱས་པ་རེད།
            འདི་ལོ་ཚུན་ཀོང་ཤིས་ཀྱི་རིམ་ཁག་ཏང་ཨུད་སྲིད་གཞུང་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱ་རྒྱུའི་ལས་དོན་དེ་གཙོ་གནད་ལས་དོན་དང་ལས་རྗེས་དཔྱད་ཞིབ་དམིགས་ཚད་ནང་བཅུག་ཡོད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་རྫོང་ཁག་གིས་མི་སྤྱི་དང་། འཕེལ་སྒྱུར། སྡོད་ཁང་འཛུགས་སྐྲུན། སྤྱི་བདེ་སོགས་སྡེ་ཚན་12ལས་གྲུབ་པའི་ཁེ་ལས་ཀྱིས་གླ་ཆ་འགྱངས་ཆད་བྱས་པའི་གནད་དོན་ཐག་གཅོད་བྱེད་པའི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་རྒྱ་ཁྱབ་ངང་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། སྲིད་གཞུང་གི་ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་གཙོ་བོ་བྱེད་པ་དང་སྡེ་ཚན་ཁག་གིས་ལས་བགོས་མཉམ་ལས་བྱས་ནས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་རེད། འདི་ལོའི་དཔྱིད་གསར་དུས་ཆེན་དང་ཚོགས་འདུ་གཉིས་རིང་རང་སྐྱོང་ལྗོངས་སྲིད་གཞུང་ལྟ་ཞིབ་ཁང་དང་ངལ་རྩོལ་ལྟ་ཞིབ་སྡེ་ཚན་གྱིས་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་སྣེ་ཁྲིད་ཐེངས་མང་བྱས་ཏེ་བསྟུད་མར་བྱ་སྤྱོད་སྤེལ་བ་དང་ལྟ་ཞིབ་ཚོགས་ཆུང་ཁག་ཐེངས་10ལྷག་ཙམ་མངགས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་14དང་གྱོད་གཞི་ཁྱབ་ཡུལ་ས་གནས་གཙོ་བོར་ལྟ་ཞིབ་བྱས་ཏེ་གྱོད་གཞི་གལ་ཆེན་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱ་རྒྱུར་ལྟ་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།