འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱེད་ཐབས་22དངོས་སུ་ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་ནས་བཟུང་ཡུན་ནན་གྱིས་གནས་གཏན་འཁེལ་གྱི་ཉོ་སྒྲུབ་མེད་པ་བཟོ་བ་དང་། གཡོ་ཁྲམ་ངང་འཚོང་རྒྱུར་རྡུང་རྡེག་གཏོང་བ། ལུགས་མཐུན་མིན་པའི་གོང་ཁེའི་ཡུལ་སྐོར་གཏན་འགོག་བྱེད་པ་ལ་སོགས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱེད་ཐབས་22དངོས་སུ་ལག་བསྟར་བྱེད་པ་དང་། ཡུལ་སྐོར་ལས་དོན་ཁང་དང་། སྣེ་ཤན་པ། མཛེས་ལྗོངས་ཁུལ། སྲིད་གཞུང་གི་འགན་སྒྲུབ་སོགས་ལྷུ་ཚིགས་ཀྱི་འགག་རྩ་ནས་ཤུགས་སྣོན་རྒྱག་པ། ཁྲོམ་རའི་ཞན་ཆ་བཅོས་སྒྲིག་བྱེད་པ་བཅས་བྱས་ནས་ཡུན་ནན་གྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལོ་གཅིག་ནང་རྩ་བའི་ཆ་ནས་ལེགས་སུ་འགྲོ་བའི་འགན་ལེན་བྱས་ཡོད།
          རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ཡུལ་སྐོར་ཞིང་ཆེན་ཡིན་པའི་ཡུན་ནན་གྱིས་2016ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དུང་ཕྱུར་4ལྷག་ཙམ་ལ་སྣེ་ལེན་ཞུས་མོད། འོན་ཀྱང“གོང་ཁེའི་འགྲན་རྩོད་ཆེན་པོ་དང་རིན་གོང་མཐོ་པོའི་ཅ་དངོས་ཉོ་སྒྲུབ་ཀྱི་བར་ཁེའི”ཚུལ་མིན་གྱི་གཉེར་སྐྱོང་བྱེད་སྟངས་ཡོངས་ཁྱབ་ངང་ཆགས་པས་ཅ་དངོས་ཉོ་སྒྲུབ་ཚོང་ཁང་དང་ཡུལ་སྐོར་ལས་དོན་ཁང་དང་སྣེ་ཤན་པ་དང་ཁ་ལོ་བའི་དབར་བར་ཁེ་མཐོ་པོ་བརྒྱུད་ཁེ་ཕན་ཟ་གི་ཡོད་སྟབས་ཡུན་ནན་དུ་ལུགས་མཐུན་མིན་པའི་གོང་ཁེའི་ཡུལ་སྐོར་དང་། ཡུལ་སྐོར་བྱེད་སྐབས་བཙན་ཤེད་ངང་ཅ་དངོས་ཉོ་སྒྲུབ་བྱེད་དུ་འཇུག་པ། མཛེས་ལྗོངས་ཁུལ་གྱི་སྒྲིག་ལམ་ཟང་ཟིང་སོགས་ཀྱི་རྣམ་པ་ཆགས་ཏེ་ཡུལ་སྐོར་གྱི་གནད་དོན་གོང་གཏུག་ཞུ་ཚད་ཉུང་དུ་གཏན་ནས་འགྲོ་གི་མེད་པ་རེད།
         ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཧྥན་གྱིས་ཁྲོམ་རར་བཅོས་སྒྲིག་མཐར་ཕྱིན་པ་བྱ་ཆེད་ད་ཐེངས་ལག་བསྟར་བྱེད་པའི་《ཡུན་ནན་ཞིང་ཆེན་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལས་དོན་བྱེད་ཐབས་》ཀྱིས“ལུགས་མཐུན་མིན་པའི་གོང་ཁེའི་ཡུལ་སྐོར”དང་དེ་བཞིན་དེ་ལས་ཐོན་པའི་བཙན་ཤེད་ངང་འཛད་སྤྱོད་དང་གཡོ་ཁྲམ་འཛད་སྤྱོད་སོགས་མངོན་གསལ་དོད་པའི་གནད་དོན་རབ་དང་རིམ་པར་དམིགས་པ་དང་ཅ་དངོས་ཉོ་སྒྲུབ་ཁང་དང་། ཡུལ་སྐོར་ལས་དོན་ཁང་། སྣེ་ཤན་པ། མཛེས་ལྗོངས་ཁུལ་དང་ས་ཚིགས་བཅས་ལ་དོ་དམ་དང་དེ་བཞིན་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་། ལས་རིགས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཁོངས་གཏོགས་སྲིད་གཞུང་གི་འགན་འཁྲིར་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་བདུན་ཐད་ནས་བྱེད་ཐབས་ནན་པོ་ཁག་22ཁ་གསལ་བཏོན་ཏེ་ལས་དོན་སྤེལ་ཤུགས་དང་ཁྱབ་རྒྱ་དེ་སྔོན་ལས་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
          གཞན་ཡང་ཡུལ་སྐོར་ཅ་དངོས་ཉོ་སྒྲུབ་དང་གོང་ཁེའི་ཚོགས་སྒྲིག་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཡུན་ནན་གྱིས“དམར་ཐིག”མང་པོ་ཇུས་འགོད་བྱེད་པ་དང་ཡུལ་སྐོར་གྱི་གནས་གཏན་འཁེལ་གྱི་ཅ་དངོས་ཉོ་སྒྲུབ་མེད་པ་བཟོ་རྒྱུ་ཁ་གསལ་བཏོན་ནས་ཡུལ་སྐོར་ཅ་དངོས་ཉོ་སྒྲུབ་ཁེ་ལས་ཚང་མ་སྤྱི་ཚོགས་ཀྱི་སྤྱིར་བཏང་ཚོང་ཟོག་གི་སིལ་འཚོང་ཁེ་ལས་ནང་བཅུག་སྟེ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་། རྣམ་པ་འགྱུར་ནས་བཀོད་སྒྲིག་དང་ཅ་དངོས་ཉོ་རྒྱུར་བསླུ་ཁྲིད་བྱ་རྒྱུ་གཏན་འགོག་བྱེད་པ་དང་ཅ་དངོས་ཉོ་སྒྲུབ་ཚོང་ཁང་གིས་ཡུལ་སྐོར་བར་དམིགས་པའི་གཡོ་ཁྲམ་བྲིན་ཚོང་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།