འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་འདི་ཉིད་རྩི་ཤིང་སྣ་ཁ་གསར་པའི་བདག་དབང་རེ་ཞུ་བྱེད་ཚད་རྒྱལ་སྤྱིའི་ཨང་དང་
    པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩི་ཤིང་སྣ་ཁ་གསར་པའི་སྲུང་སྐྱོང་སྲོལ་ཡིག་》ཡོངས་བསྒྲགས་བྱས་ནས་ལོ་20སོང་རིང་། ས་བོན་གསོ་སྤེལ་གསར་གཏོད་ལ་སྐུལ་འདེད་དང་ས་བོན་གྱི་ཐོན་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། རང་རྒྱལ་དུ་རྩི་ཤིང་སྣ་ཁའི་བདག་དབང་རེ་ཞུ་བྱེད་ཚད་ལོ་རེ་བཞིན་མང་དུ་སོང་ནས་སྣ་ཁ་གསར་པ་དང་སྤུས་ལེགས་ས་བོན་ཟམ་མི་ཆད་པར་ཐོན་ཡོད། 2016ལོའི་ལོ་མཇུག་བར་ཞིང་ལས་རྩི་ཤིང་སྣ་ཁ་གསར་པའི་བདག་དབང་རེ་ཞུ་བྱེད་ཚད་18000ལྷག་ཙམ་ཟིན་པ་དང་བདག་དབང་སྤྲོད་ཚད་8000ལྷག་ཙམ་ཟིན་ཡོད། 2016ལོར་སྣ་ཁ་2523རེ་ཞུ་བྱས་པས་ལོར་རེ་ཞུ་བྱེད་ཚད་རྒྱལ་སྤྱིའི་རྩི་ཤིང་སྣ་ཁ་གསར་པའི་སྲུང་སྐྱོང་མནའ་འབྲེལ་ཁོངས་ཞུགས་རྒྱལ་ཁབ་ཀྱི་ཨང་དང་པོ་ཡིན་པ་རེད།
          ཞིང་ལས་པུའི་ས་བོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཡན་ཆིའུ་ཡིས་ས་བོན་ལས་རིགས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་སྲོག་ཤིང་ཐོན་ལས་ཡིན་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་། ཞིང་ལས་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཞིག་ཀྱང་ཡིན། ང་ཚོས་མུ་མཐུད“ཚན་རིག་དང་མཐུན་པའི་ངང་ཞིབ་བཤེར་ཆོག་མཆན་དང་། ཁེ་དབང་འགན་ལེན། གསར་གཏོད་སྐུལ་སྤེལ། ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང”བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་དུས་བསྟུན་འཕེལ་རྒྱས་དང་གསར་འབྱེད་གསར་གཏོད་བྱས་ཏེ། ས་བོན་ལས་རིགས་ཀྱི་རྒྱལ་ཁབ་ཆེ་གྲས་ནས་སྟོབས་ཆེའི་རྒྱལ་ཁབ་ཏུ་འགྱུར་རྒྱུར་འབད་བརྩོན་བྱས་ནས། དེང་རབས་ས་བོན་ལས་རིགས་འཕེལ་རྒྱས་དང་ཞིང་ལས་འཕེལ་རྒྱས་ལ་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།