འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་འདི་ཉིད་གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་ཚོང་དོན་གྲུ་ཁའི་གྲོང་ཁྱེར་ཆེ་ཤོས་སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གོ་ལ་ཧྲིལ་པོའི་ཚོང་དོན་རྒྱུན་མི་ཆད་པར་ཉམས་པའི་རྒྱབ་ལྗོངས་འོག་ཧྲང་ཧའེ་གྲུ་ཁའི་ཚོང་དོན་གྱིས་གོ་ལ་ཧྲིལ་པོ་དང་རྒྱལ་ཡོངས་ནང་བཟུང་བའི་བསྡུར་ཚད་བརྟན་པོའི་སྒོ་ནས་མཐོ་རུ་སོང་ཞིང་། 2016ལོར་གྲུ་ཁ་ནས་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་68820ཟིན་ཞིང་། དེས་རྒྱལ་ཡོངས་ཀྱི་28.3%བཟུང་བ་དང་། གོ་ལ་ཧྲིལ་པོའི་3%ཡན་བཟུང་བ། ཤང་ཀང་དང་། སིང་ཀ་ཕོར། ཏེ་པེ་སོགས་ཀྱི་གཞི་ཁྱོན་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་ཚོང་དོན་གྲུ་ཁའི་གྲོང་ཁྱེར་ཆེ་ཤོས་སུ་གྱུར་བ་རེད།
          དེ་དང་ཆབས་ཅིག་ཧྲང་ཧའེ་ཞབས་ཞུའི་ཚོང་དོན་དེས་ཕྱི་ཕྱོགས་ཚོང་དོན་ནང་བཟུང་བའི་བསྡུར་ཚད་30%ལས་བརྒལ་ནས་31.8%ཟིན་ཞིང་། རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་13.8མཐོ་ལ། རྒྱལ་སྤྱིའི་ཆ་སྙོམས་ཆུ་ཚད་ལས་དེ་བས་མངོན་གསལ་དོད་པོས་བརྒལ་ཡོད། 2016ལོར་ཧྲང་ཧའེ་ཡི་ཞབས་ཞུའི་རིགས་ཀྱི་ཕྱིར་གཏོང་ནང་འདྲེན་དེ་2011ལོའི་ཨ་སྒོར་དུང་ཕྱུར་1293ནས་ཨ་སྒོར་དུང་ཕྱུར་2019བར་འཕར་བ་དེས་རྒྱལ་ཡོངས་ཀྱི་25%དང་གོ་ལ་ཧྲིལ་པོའི་2%ཡན་ཟིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།