འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་རིམ་པའི་གནའ་རྫས་རྟོག་ཞིབ་གསར་རྙེད་དེ་རྩ་ཆེན་རིག་རྫས་ཁྲི་གསུམ་ལྷག་
    ཆུ་ལས་སྔོག་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཛམ་གླིང་རིམ་པའི་གནའ་རྫས་རྟོག་ཞིབ་གསར་རྙེད་དེ་རྩ་ཆེན་རིག་རྫས་ཁྲི་གསུམ་ལྷག་
ཆུ་ལས་སྔོག་འདོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཆར་དུས་སླེབས་པ་དང་ཆབས་ཅིག་གདོང་སྣ་གཙང་པོའི་ཆུ་གནས་ཀྱང་རིམ་བཞིན་མཐོ་རུ་འགྲོ་བཞིན་ཡོད་པ་དང་། 2016ལོ་ནས་2017ལོའི་ལོ་འཁོར་གྱི་ཆུ་འོག་གནའ་རྫས་རྟོག་ཞིབ་སྔོག་འདོན་ལས་ཀ་ཟླ་4ཚེས་12ཉིན་མཇུག་བསྒྲིལ་ཞིང་། ཟླ་4ཚེས་12ཉིན་གྱི་བར་དུ་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་གཉིས་ལྷག་སྔོག་འདོན་བྱས་ཟིན་པ་དང་། ཆུ་ལས་རིག་རྫས་ཁྲི་3ལྷག་སྔོག་འདོན་བྱས་པས། “ཀྲང་ཞན་ཀྲུང་གི་དངུལ་ཅམ་ཁུ་ཆུ་བོར་ནུབ་པ”ཡི་གཏམ་རྒྱུད་ར་སྤྲོད་བྱུང་ཡོད་པ་རེད།
         ཟླ་4ཚེས་13ཉིན། སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་ཕེང་ཧྲན་ཅམ་ཁུ་ཆུ་བོར་དངུལ་ནུབ་པའི་རྗེས་ཤུལ་དུ་2017ལོའི་ལོ་སྟོད་སྔོག་འདོན་བྱས་འབྲས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཁྲེན་ཏུའུ་ཚོང་གཉེར་ཚགས་པར་ཁང་གི་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། གནས་དེ་ར་སྐོར་ཟླ་བ་གཅིག་གི་རྗེས་སུ་བཤིག་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ད་ལོའི་ཟླ་བ་10པ་ནས་11པའི་བར། 2017ལོ་ནས་2018ལོའི་ལོ་འཁོར་གྱི་ཀྲང་ཞན་ཀྲུང་གི་དངུལ་ཅམ་ཁུ་ཆུ་བོར་ནུབ་པའི་ཆུ་འོག་གནའ་རྫས་རྟོག་ཞིབ་སྔོག་འདོན་རེས་འཁོར་གསར་པ་བྱེད་འགོ་རྩོམ་རྒྱུ་ཡིན་པ་དང་། སྔོག་འདོན་རྒྱ་ཁྱོན་ནི་ཐེངས་འདིའི་སྔོག་འདོན་བྱས་པའི་རྨང་གཞིའི་ཐོག་རྒྱ་བསྐྱེད་རྒྱུ་ཡིན་ཞིང་། གཙོ་བོར་གནས་འདིར་ཅམ་ཁུ་གཡུལ་འགྱེད་བྱེད་དུས་ཤིང་གྲུ་ཆུའི་ནང་ནུབ་པ་དག་བཙལ་འཚོལ་བྱ་རྒྱུ་ཡིན་པ་རེད།
    ༄༅།།འཛམ་གླིང་རིམ་པའི་གནའ་རྫས་རྟོག་ཞིབ་གསར་རྙེད་དེ་རྩ་ཆེན་རིག་རྫས་ཁྲི་གསུམ་ལྷག་
ཆུ་ལས་སྔོག་འདོན་བྱས་པ།
    ༄༅།།འཛམ་གླིང་རིམ་པའི་གནའ་རྫས་རྟོག་ཞིབ་གསར་རྙེད་དེ་རྩ་ཆེན་རིག་རྫས་ཁྲི་གསུམ་ལྷག་
ཆུ་ལས་སྔོག་འདོན་བྱས་པ།
    ༄༅།།འཛམ་གླིང་རིམ་པའི་གནའ་རྫས་རྟོག་ཞིབ་གསར་རྙེད་དེ་རྩ་ཆེན་རིག་རྫས་ཁྲི་གསུམ་ལྷག་
ཆུ་ལས་སྔོག་འདོན་བྱས་པ།
    ༄༅།།འཛམ་གླིང་རིམ་པའི་གནའ་རྫས་རྟོག་ཞིབ་གསར་རྙེད་དེ་རྩ་ཆེན་རིག་རྫས་ཁྲི་གསུམ་ལྷག་
ཆུ་ལས་སྔོག་འདོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།