འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་མངོན་མིན་རིག་གནས་ཤུལ་བཞག་
    གི་སློབ་ཚན་མང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་རྒྱལ་ཁབ་ཀྱི་རིན་མེད་སྒོ་འབྱེད་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ་སྒྱུ་རྩལ་གྱི་ཁྱབ་གདལ་གཏོང་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་པ་དང་། སྒྱུ་རྩལ་ཁང་གི་ས་ཆ་དང་། སྒྲིག་ཆས། ཤེས་ལྡན་མི་སྣ་བཅས་ཀྱི་ལེགས་ཆ་གང་ལེགས་སྤྱད་པ། རིམ་པ་མཐོ་བ་དང་སྤུས་ཚད་ལྡན་པའི་དངོས་གཞི་དང་སྐོར་སྐྱོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་དང་། འཁྲབ་སྟོན། གསོ་སྦྱོང་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མང་ཚོགས་རིག་གནས་ལས་དོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་རེད།
         མིག་སྔར་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་བའི་རྒྱུན་རྣམ་ཅན་གྱི་རིན་མེད་གསོ་སྦྱོང་ལ་ཞབས་བྲོ་དང་། རི་མོ། སྒྲ་སྙན་སོགས་ཀྱི་སློབ་ཚན་ཡོད་པ་དེ་དག་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་། དར་མ་དང་གཞོན་ནུ། རྒན་ཡོལ་ཞུས་པའི་ལས་བྱེད་པ་བཅས་ལ་ཕྱོགས་ཡོད། རྒྱུན་གཏན་གྱི་གསོ་སྦྱོང་ཕུད། ད་དུང་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་མང་དུ་གཏོང་རྒྱུ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་ལས་སྟེགས་འཛུགས་སྐྲུན་ཧུར་ཐག་བྱས་ནས་སྒྱུ་རྩལ་རྩལ་ནུས་ཁྱབ་གདལ་བཏང་ཞིང་། གནས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་ནས་སྤྱི་པའི་རིག་གནས་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་ལྗོངས་ཡོངས་ཀྱི་མང་ཚོགས་རིག་གནས་གཞི་ཁྱོན་ཅན་དང་། འདུས་འཛོམས་ཅན། རྩེ་གྲ་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྣེ་ཁྲིད་བྱས་ཡོད། ཁྱབ་གདལ་རང་བཞིན་གྱི་སྒྱུ་རྩལ་སློབ་གསོ་དང་སྒྱུ་རྩལ་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་ངང་སྤེལ་བའི་ནང་རྩལ་ནུས་གསར་གཏོད་དང་། རྩལ་ནུས་འཁྲབ་སྟོན། རྩལ་ནུས་ཟུར་ཁྲིད་བཅས་ཀྱི་གསོ་སྦྱོང་ཚུད་ཡོད། གཞི་རིམ་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་གཙོ་བོ་དམིགས་ཤིང་། 2013ལོ་ནས་བཟུང“གནད་སྨིན་དབུལ་སྐྱོར”རིམ་སྤེལ་གྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རིན་མེད་གསོ་སྦྱོང་འཛིན་གྲྭ་གཉེར་ཚུན་འཛིན་གྲྭ་ཐེངས་86བསྟུད་མར་གཉེར་བ་དང་མི་ཐེངས་1700ཙམ་ལ་གསོ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཚང་མར་རིན་མེད་གསོ་སྦྱོང་བྱས་པ་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་རིག་གནས་དམངས་ཕན་དབུལ་སྐྱོར་གྱི་སྤུས་རྟགས་སུ་གྱུར་ཡོད། ད་དུང་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་ཐེངས་500ཙམ་བྱས་པ་དང་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་ཁྲི་གཅིག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།