འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་ཀའི་རེ་བ་འདེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དཔྱིད་ཀའི་རེ་བ་འདེབས་པ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུ་ཤིང་སྡོང་འཛུགས་པའི་ཚ་རླབས་འཕྱུར་བཞིན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གནམ་སྔོན་པོ་དང་ཆུ་དྭངས་མ་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ནགས་ཚལ་སྲུང་སྐྱོང་གི་དམིགས་ཚད་ཁག་ཚང་མ་2011ལོར་རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་ལོ་འགའ་བསྟུད་མར་གཙང་བཤེར་ཐེངས་བརྒྱད་པ་བྱས་འབྲས་ལས་མངོན་གསལ་དོད་པོའི་མཐོ་རུ་ཕྱིན་ཡོད་ཅིང་། "ལོ་ལྔ་ཚན་བཅུ་གསུམ་པའི"དུས་རིང་ལ་བོད་རང་སྐྱོང་ལྗོངས་ཀྱི་སྡོང་ཕྲུག་ར་བའི་རྒྱ་ཁྱོན་མུའུ་5ཡན་ཟིན་པར་བྱས་ཏེ་སྡོང་ཕྲུག་རང་མཁོ་རང་སྤྲོད་ཐུབ་ཚད་70%ཡན་ཟིན་པར་བརྩོན་ལེན་ཆེན་པོ་བྱེད་ཀྱི་ཡོད་པ་རེད། གོང་གི་པར་རིས་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་མང་ཚོགས་ཀྱིས་གྲོང་ཁུལ་དུ་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བཞིན་ཡོད་པ།
    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་མང་ཚོགས་ཀྱིས་ས་སྟོང་དུ་ཤིང་སྡོང་འཛུགས་བཞིན་ཡོད་པ།
    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་མང་ཚོགས་ཀྱིས་ས་སྟོང་དུ་ཤིང་སྡོང་འཛུགས་བཞིན་ཡོད་པ།
    མངའ་རིས་ས་ཁུལ་རུ་ཐོག་རྫོང་སྟོད་མ་ཤང་གི་མང་ཚོགས་ཀྱིས་ཞིང་ལས་དལ་དུས་སྤྱད་དེ་ཤིང་འཛུགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བཞིན་ཡོད་པ།
    མངའ་རིས་ས་ཁུལ་རུ་ཐོག་རྫོང་སྟོད་མ་ཤང་གི་མང་ཚོགས་ཀྱིས་ཞིང་ལས་དལ་དུས་སྤྱད་དེ་ཤིང་འཛུགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།